《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月25日

དུས་ཚིགས་དང་པོར་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་2351མང་དུ་ཕྱིན་པ།

བསྐྱར་སྐྱེ་ནུས་རྒྱུའི་བཟུང་ཚད་50%ལྷག་ཙམ་ཟིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་22ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་རྨང་གཞིའི་འཛུགས་སྐྲུན་གྱི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་2351གསར་འཕར་བྱུང་བ་དེ་འགག་གསུམ་གློག་ཁང་གི་ཆན་ཝ་ཁྲི་2250ཡི་གློག་འདོན་འཕྲུལ་འཁོར་ལས་གློག་འདོན་ཚད་མང་བ་ཡོད་པ་དང་། ལོ་གོང་མའི་དུས་མཚུངས་ལས་ཆན་ཝ་ཁྲི་996མང་དུ་ཕྱིན་ཡོད། དེའི་ནང་ཆུ་གློག་ཆན་ཝ་ཁྲི་109ཟིན་པ་དང་། མེ་གློག་ཆན་ཝ་ཁྲི་1060ཟིན་པ། ཉིང་གློག་ཆན་ཝ་ཁྲི་115ཟིན་པ། རླུང་གློག་ཆན་ཝ་ཁྲི་526ཟིན་པ། ཉི་གློག་ཆན་ཝ་ཁྲི་533ཟིན་པ་བཅས་རེད། བསྐྱར་སྐྱེ་ནུས་རྒྱུའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་50%ལྷག་ཙམ་ཟིན་པས་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་རྒྱུ་དེ་ལྗང་མདོག་གི་འཕེལ་ཕྱོགས་རྒྱུན་མཐུད་བྱུང་ཡོད།