《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月25日

མཚོ་སྔོན་ཞིང་ཆེན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་བ།

ཤེས་སྦྱོར་གཅིག་མཐུན་གྱིས་དམངས་ལ་བྱ་བ་བསྒྲུབས་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཁྲེང་ཡིའུ་དང་། ཝང་མེ། ལིའུ་ཡུས་རུའེ།

ཟླ་3ཚེས་7ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་མཚོ་སྔོན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོར་ཕུགས་བསམ་དང་དད་སེམས་བརྟན་གཏོང་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་དུ་བཏང་ནས། འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། རྙོག་འཛིང་ཆེ་བའི་དུས་བབ་ཁྲོད་ཁ་ཕྱོགས་མི་འཛོལ་བ་དང་དཀའ་ཚེགས་ཆེ་བའི་འཐབ་རྩོད་མདུན་དུ་དཔའ་མི་ཞུམ་པ་བྱེད་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་སྤྱི་ཡོངས་དང་འཕེལ་ཕྱོགས་ལ་གཞི་ཚུགས་པ་དང་། བརྗོད་དོན་གཙོ་བོ་དང་གཙོ་རྐང་ལ་དམིགས་པ། ཁྱད་ཆོས་འབུར་དུ་ཐོན་པ། འཆར་འགོད་ཞིབ་ཚགས་བཅས་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤུས་ཚད་མཐོ་པོས་སྤེལ་རྒྱུའི་འགན་ལེན་བྱས་པ་རེད།

ཟླ་3ཚེས་1ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་འཚོགས་ཤིང་། གྲོང་ཁྱེར་དང་ཀྲོའུ་ཁག་གིས་ཀྱང་འཕྲལ་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་འཚོགས་ནས། ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཨུད་ཀྱིས་བཏོན་པའི“ཆེད་དོན་བྱ་སྤྱོད་ཁག་དྲུག”དོན་འཁྱོལ་ནན་ཏན་བྱས་པ་མ་ཟད། ད་དུང་བྱེད་ཐབས་གསར་གཏོད་དང་ནང་དོན་དང་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་ནས། སློབ་སྦྱོང་གི་ཕན་འབྲས་དེ་བསམ་ཕྱོགས་ཀྱི་བྱེད་ཐབས་སུ་འགྱུར་བར་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཚད་གཞི་མཐོ་པོ་དང་སྤུས་ཚད་ལེགས་པོས་སྤེལ་རྒྱུར་སྐུལ་འདེད་ཀྱང་བཏང་བ་རེད།

ས་ཁུལ་ཁག་དང་ཚན་པ་ཁག་གིས་གསར་བརྗེའི་རིག་དངོས་དང་གསར་བརྗེའི་ཐོན་ཁུངས་སྔོག་འདོན་དང་ལེགས་སྒྲིག་བྱས་ནས་སྲུང་སྐྱོང་རང་བཞིན་གྱི་འཛུགས་སྐྱོང་བྱས་པ་དང་ཆབས་ཅིག གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་དང་། བེད་སྤྱོད་འདང་ངེས་། བེད་སྤྱོད་གང་ལེགས་བཅས་བྱ་རྒྱུར་སྣང་ཆེན་བྱས་ནས། གསོན་ཉམས་དོད་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་རེད། མཚོ་ཤར་གྲོང་ཁྱེར་གྱིས“རྨ་ཆུའི་མཉམ་གཞས་ཆེ་མོའི”བརྗོད་དོན་གཙོ་བོའི་སྤྱི་གླིང་སོགས་གསར་བརྗེའི་སློབ་གསོའི་རྟེན་གཞི་གཙོ་གནད་ཐོག་བཏོད་དེ་གྲངས་འཛིན་ཅན་ནས་མངོན་པ་དང་དྲ་རྒྱ་ཅན་གྱི་བརྒྱུད་སྤེལ་ལ་སྐུལ་འདེད་བཏང་ནས། སློབ་སྦྱོང་སློབ་གསོའི་ཡིད་དབང་འགུག་ཤུགས་ཆེ་རུ་བཏང་བ་རེད།

མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་ཀའོ་མེའོ་གྲོང་རྡལ་དང་ཧྥེང་ཏུའེ་ཤང་གིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་མའོ་ཀྲའེ་ཏང་གི་ལོ་རྒྱུས་ཁང་སོགས་སུ་བསྐྱོད་དེ་སློབ་སྦྱོང་བྱས་པ་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཁུལ་དེའི་གསར་བརྗེའི་ཐོན་ཁུངས་སྤྱད་ནས་གར་སྟེགས་སྒྱུ་རྩལ་འཁྲབ་སྟོན་དང་། གཅིག་སྡུད་བགྲོ་གླེང་བྱེད་པ། མཉམ་འགུལ་མྱོང་ལེན་སོགས་བྱས་ཏེ། ཏང་ཡོན་ལས་བྱེད་པར་གསར་བརྗེའི་རིག་གནས་བློ་སྦྱོང་གཏིང་ཟབ་ཐུབ་པ་བྱས་པ་རེད།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡིས་སྡེ་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་སྐུལ་སློང་ཧུར་ཐག་གིས“རེ་འདུན་ཕྲན་བུ”སོགས་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། མཚོ་ཤར་གྲོང་ཁྱེར་གྱིས“ལས་བྱེད་པ་བརྒྱ་གྲོང་གསེབ་ཏུ་སྐྱོད་པའི”བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་ཏང་ཡོན་ལས་བྱེད་པ་གྲོང་གསེབ་ཏུ་བསྐྱོད་པའི་སྒྲིག་འཛུགས་བྱས་ནས། ཞིང་དུད་དང་ཞིང་ཁར་ཞིང་ཕན་སྲིད་ཇུས་དང་ཞིང་དར་ལག་རྩལ་འགྲེལ་བཤད་བརྒྱབ་པ། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཀྲོའུ་དེ་ཡོངས་ཀྱི་འཕྲོད་བསྟེན་བཟོ་བ་1185ལ་རིན་པ་སྤྲོད་མི་དགོས་པའི“གཅེས་སེམས་ཞོགས་ཟས”མཁོ་འདོན་བྱས་ཤིང་དེའི་མ་དངུལ་ནི་རྫོང་ལྔའི་སྲིད་གཞུང་དང་ཀྲོའུ་དང་རྫོང་གི་སྤྱི་ཁྱབ་བཟོ་ཚོགས་ཁག་སོ་སོས་50%རེ་སྤྲད་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། སྐལ་བཟང་མཆོག་སྐྱིད་ཀྱིས་ཞུས)