《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月25日

རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མི་1197ལ་2021ལོའི་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་སྤྲད་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་23ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ནས་ཤེས་རྟོགས་བྱུང་བར། འདི་ལོ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མཉམ་སྡེབ་397ལ་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་བསྟོད་ལག་ཁྱེར་སྤྲད་ནས་གཟེངས་བསྟོད་བྱས་པ་དང་། མཉམ་སྡེབ་1297ལ་རྒྱལ་ཡོངས་བཟོ་པའི་གདོང་ལེན་པའི་མཚན་སྙན་སྤྲད་པ། མི་1197ལ་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་སྤྲད་པ་བཅས་རེད།

འདི་ལོའི་ཟླ་2ཚེས་8ཉིན་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས《2021ལོའི་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའ་དང་རྒྱལ་ཡོངས་ཀྱི་བཟོ་པ་གདོང་ལེན་པ་འོས་སྦྱོར་དང་འདེམས་བསྐོ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་དང་། རྒྱལ་ཡོངས་ཀྱི་ཚན་པ་42ཀྱིས་བརྡ་ཐོའི་བླང་བྱ་ལྟར་རིམ་པ་བཞིན་འདེམས་པ་དང་ལེགས་ཐོག་ལེགས་འདེམས་ཀྱི་འོས་སྦྱོར་བྱས་ཏེ། གཞི་རིམ་ཚན་པས་སྤྱི་བསྒྲགས་སྤེལ་བ་དང་། ཐོག་མའི་ཞིབ་དཔྱད་བྱེད་པ། ཞིང་ཆེན་རིམ་པའི་སྤྱི་བསྒྲགས་སྤེལ་བ། བསྐྱར་ཞིབ་བྱེད་པ། འབྲེལ་ཡོད་པུའུ་ཨུད་ཀྱི་བསམ་འཆར་བསྡུ་ལེན་བྱེད་པ། རྒྱལ་ཡོངས་སུ་སྤྱི་བསྒྲགས་སྤེལ་བ་སོགས་ཀྱི་གོ་རིམ་བརྒྱུད་ད་ཆ་དཔྱད་ཞིབ་ལས་དོན་ཡོངས་སུ་མཇུག་འགྲིལ་ཡོད་ཅེས་གསུངས་པ་རེད། (པ་སངས་ཚེ་རིང་གིས་བསྒྱུར། པ་སངས་ཕན་ཐོགས་དང་པ་ཚེས་ཞུས)