《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月20日

བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།

—— སྡུག་བསྔལ་དང་འཚོ་བ་གསར་པ་བརྒྱུད་མྱོང་བའི་ལྷག་པ།

པར་ནི་ལྷག་པ(གཡོན)དང་ཁོང་གི་བུ་མོ་ཉི་མ་མཚམས་གཅོད་ཡིན་པ།

པར་ནི་ལྷག་པ་ཡིན་པ།

1945ལོར་སྐྱེས་པའི་ལྷག་པ་ནི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཉ་མོ་ཤང་ཕུ་ཤར་གྲོང་ཚོ་ནས་ཡིན་ཞིང་། བོད་རྙིང་པར་མྱངས་པའི་སྡུག་བསྔལ་ལ་ཕྱིར་དྲན་བྱེད་སྐབས་ལྷག་པ་མིག་ཆུ་དབང་མེད་དུ་ཤོར།

ལྷག་པའི་བྱིས་དུས་ནི་ཡ་ང་བ་ཞིག་རེད། ཨ་མ་ངལ་དུབ་ཆེ་དྲགས་པའི་རྐྱེན་གྱིས་མིག་གཉིས་ལོང་བ་དང་ངལ་རྩོལ་ནུས་པ་ཤོར་བས་ཞིང་བྲན་བདག་པོས་སྙིང་རྗེ་མེད་པར་གཞིས་ཀ་ནས་ཕྱིར་འབུད་བྱས། ཨ་མས་གཅུང་མོ་ཁྲིད་ནས་གང་སར་ལྟོ་སློང་དགོས་བྱུང་། དུས་དེ་ནས་བཟུང་ཕ་མ་སྤུན་མཆེད་ཁ་བྲལ་དགོས་བྱུང་ནས་སྡུག་བསྔལ་གྱི་གནས་སུ་ལྷུང་།

1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པས་ལྷག་པའི་ནང་ཚང་མཉམ་འཛོམས་བྱུང་ནས་ས་ཞིང་མུའུ་24དང་། ལུག་6 བ་གླང་2རག་པ་མ་ཟད། རང་ཉིད་ལ་བདག་པའི་སྡོད་ཁང་ཡང་བརྒྱབ་པ་རེད།

1975ལོའི་ཟླ་7པར་ལྷག་པ་གཟི་བརྗིད་ལྡན་པའི་ངང་གུང་ཁྲན་ཏང་མིར་གྱུར། ལྷག་པས“གུང་ཁྲན་ཏང་གིས་ང་ཚོར་བཅིངས་འགྲོལ་བཏང་བྱུང་ལ་ང་ཚོར་བདེ་སྐྱིད་ཡང་བཏོད་བྱུང་། གུང་ཁྲན་ཏང་མི་ཞིག་བྱེད་པ་ནི་ངའི་ཚེ་གང་གི་དོན་ཆེན་ཞིག་ཡིན”ཞེས་བཤད།

ལྷག་པས་འབོད་སྐུལ་བྱས་པ་བརྒྱུད། ཁོང་གི་བུ་མོ་ཉི་མ་མཚམས་གཅོད་ཆུང་དུས་ནས་ལས་ལ་བརྩོན་པ་དང་ལོ་19ལ་སླེབས་སྐབས་གུང་ཁྲན་ཏང་ལ་ཞུགས། དུས་རབས་20པའི་ལོ་རབས་90པར་ཁོང་གི་སྣེ་ཁྲིད་འོག་ཡུལ་མི་ཚོས་ཤིས་ཀྭ་འདེབས་འགོ་ཚུགས་པ་དང་ཕྱིས་སུ་ཉི་མ་མཚམས་གཅོད“རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བར”གྱུར་བ་དང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས། ད་ཆ་ལྷག་པ་ཐོག་སོ་གཉིས་ལྡན་གྱི་བོད་བཟོའི་སྡོད་ཁང་དུ་ཚེ་མཇུག་ལ་རོལ་བཞིན་ཡོད།