《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月20日

ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ནི་ཀྲེ་རི་ཡའི་དཔལ་འབྱོར་ལྟེ་གནས་ཀྱི་ཡང་བའི་ལྕགས་ལམ་རྣམ་གྲངས་བསྐྲུན་འགོ་ཚུགས་པ།

ཀྲུང་གོའི་ཨར་ལས་བཟོ་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་བསྐྲུན་འགན་འཁུར་བའི་ནི་ཀྲེ་རི་ཡའི་ལྷོ་ནུབ་རྒྱུད་ཀྱི་ལ་ཀེ་སི་ལྕགས་ལམ་གྱི་སྤྱི་པའི་འགྲིམ་འགྲུལ་དམར་ཐིག་གི་ཡང་བའི་ལྕགས་ལམ་རྣམ་གྲངས་ཚེས་15ཉིན་བསྐྲུན་འགོ་ཚུགས་ཤིང་། ཀྲུང་གོའི་ཨར་ལས་བཟོ་སྐྲུན་ཚོགས་པ་ནི་ཀྲེ་རི་ཡ་ཀུང་སིས་ངོ་སྤྲོད་བྱས་པར་གཞིགས་ན། ལ་ཀེ་སི་ལྕགས་ལམ་གྱི་སྤྱི་པའི་འགྲིམ་འགྲུལ་དམར་ཐིག་གི་ཡང་བའི་ལྕགས་ལམ་རྣམ་གྲངས་དུས་ཐེངས་དབྱེ་ནས་བསྐྲུན་རྒྱུ་ཡིན་པ་དང་ཚེས་15ཉིན་བསྐྲུན་འགོ་ཚུགས་པའི་དུས་ཐེངས་དེའི་རིང་ཚད་ཧྲིལ་པོར་སྤྱི་ལེ་26ཡོད་པ་ནི་ལ་ཀེ་སི་ཀྲོའུ་ཡི་ཡང་བའི་ལྕགས་ལམ་རྣམ་གྲངས་ཁག་གཉིས་པ་དེ་ཡིན་པ་རེད། ཀྲོའུ་དེའི་ཡང་བའི་ལྕགས་ལམ་རྣམ་གྲངས་ཁག་དང་པོ་ནི་ལ་ཀེ་སིའི་ལྕགས་ལམ་གྱི་སྤྱི་པའི་འགྲིམ་འགྲུལ་སྔོ་ཐིག་གི་ཡང་བའི་ལྕགས་ལམ་རྣམ་གྲངས་ཡིན་པ་དང་དེའང་ཀྲུང་གོ་ཨར་ལས་བཟོ་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་བསྐྲུན་འགན་འཁུར་ཏེ་2010ལོའི་ཟླ་7པར་བསྐྲུན་འགོ་ཚུགས་པ་དང་མིག་སྔར་སྐྲུན་བཞིན་ཡོད་པ་རེད།

འདི་ནི་ཟླ་4ཚེས་15ཉིན་ཀྲུང་གོ་དང་ནི་ཀྲེ་རི་ཡ་ཕྱོགས་གཉིས་ཀྱི་སྐུ་མགྲོན་ནི་ཀྲེ་རི་ཡའི་ལ་ཀེ་སིར་ལ་ཀེ་སིའི་ལྕགས་ལམ་གྱི་སྤྱི་པའི་འགྲིམ་འགྲུལ་དམར་ཐིག་གི་ཡང་བའི་ལྕགས་ལམ་རྣམ་གྲངས་བསྐྲུན་འགོ་ཚུགས་པའི་མཛད་སྒོར་མཉམ་དུ་ཞུགས་པ།