《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月20日

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རིགས་གཅིག་མཁས་ཅན་གྱིས་མཉམ་ལས་དང་རིམས་འགོག་སྨན་ཁབ་ནི་ཏོག་གསར་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པའི་ཐབས་ལམ་འབའ་ཞིག་དེ་རེད་ཅེས་བརྗོད་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་ཐེན་སི་ནས་ཟླ་4ཚེས་16ཉིན་གློག་འཕྲིན་འབྱོར་གསལ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཡོ་རོབ་ཁུལ་ཁོངས་དོན་གཅོད་ཁྲུའུ་ཡི་ཀྲུའུ་རེན་ཁེ་ལུའུ་ཀེ་ཡིས་ཚེས་16ཉིན་ཀེ་རི་སེའི་རྒྱལ་ས་ཨ་ཐེན་སིར་མཉམ་ལས་དང་རིམས་འགོག་སྨན་ཁབ་ནི་གོ་ལ་ཧྲིལ་པོ་ཏོག་གསར་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པའི་ཐབས་ལམ་འབའ་ཞིག་དེ་རེད་ཅེས་བརྗོད།

ཁེ་ལུའུ་ཀེ་ཚེས་15ཉིན་ཨ་ཐེན་སིར་འབྱོར་རྗེས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བཙུགས་པའི་ཨ་ཐེན་སིའི་ནད་གཡོག་གི་སྤུས་ཚད་དང་ནད་པའི་བདེ་འཇགས་ལྟེ་གནས་ཀྱི་སྒོ་བྱང་ཕྱེ་བའི་མཛད་སྒོར་ཞུགས་པ་རེད། ཁོང་གིས་ཚེས་16ཉིན་ཀེ་རི་སེའི་ཙུང་ལི་སྨི་ཙུའོ་ཐ་ཅི་སི་དང་ཐུག་འཕྲད་བྱས་པ་རེད།

ཀེ་རི་སེའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་གསལ། ཁེ་ལུའུ་ཀེ་ཡིས་ཐུག་འཕྲད་བྱེད་སྐབས་མཉམ་ལས་དང་རིམས་འགོག་སྨན་ཁབ་ནི་གོ་ལ་ཧྲིལ་པོ་ཏོག་གསར་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པའི་ཐབས་ལམ་འབའ་ཞིག་དེ་རེད། རྒྱལ་ཁབ་ཁག་གིས་རིམས་འགོག་སྨན་ཁབ་རྒྱག་པའི་གཞི་ཁྱོན་ཆེ་རུ་བཏང་ནས་དམངས་ཚོགས་ཀྱིས་རིམས་འགོག་སྨན་ཁབ་ལ་ཡིད་ཆེས་ཆེ་རུ་འགྲོ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

སྨི་ཙུའོ་ཐ་ཅི་སི་ཡིས་རིམས་འགོག་སྨན་ཁབ་བདེ་འཇགས་ནུས་ལྡན་ཡོད་པས་སྨན་ཁབ་རྒྱག་པའི་ཕན་པ་དེ་ཐོན་སྲིད་པའི་ཉེན་ཁ་ལས་ཆེ་བ་ཡོད་ཅེས་ནན་བཤད་བྱས་པ་རེད།

ཀེ་རི་སེ་སྲིད་གཞུང་གིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་དོན། ཚེས་16ཉིན་བར་ཀེ་རི་སེར་ཁྱོན་ཏོག་གསར་རིམས་འགོག་སྨན་ཁབ་ཁྲི་240བརྒྱབ་ཡོད་པ་རེད།