《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月20日

དབྱིན་ཇིའི་ཧྥེ་ལི་ཕུའུ་ཆིན་ཝང་གི་པུར་འཇུག་མཛད་སྒོ་ཝུན་ཧྲ་མཁར་རྫོང་དུ་གཉེར་བ།

འདི་ནི་མི་རྣམས་ཀྱིས་དབྱིན་ཇིའི་ཝུན་ཧྲ་མཁར་རྫོང་ཕྱིར་འཛོམས་ནས་པུར་འཇུག་མཛད་སྒོ་སྒུག་པའི་གནས་ཚུལ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལོན་ཏོན་ནས་ཟླ་4ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་དབྱིན་ཇིའི་ཧྥེ་ལི་ཕུའུ་ཆིན་ཝང་གི་པུར་འཇུག་མཛད་སྒོ་ཝུན་ཧྲ་མཁར་རྫོང་གི་ཧྲེང་ཆའོ་ཀྲི་ཆོས་ཁང་དུ་གཉེར་བ་རེད།

པུར་འཇུག་མཛད་སྒོ་དེ་ས་གནས་དེ་གའི་དུས་ཚོད་ཚེས་17ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3པར་འགོ་ཚུགས་པ་དང་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པའེ་ཁྲི་ཐོག་གཉིས་པ་དང་རྒྱལ་རྒྱུད་འཛིན་མཁན་ཁྲའར་སི་སོགས་གོང་མ་ཚང་གི་ཁོངས་མི་30ཡིས་གྱོན་གོས་ནག་པོ་གྱོན་པ་དང་ཁ་རས་ནག་པོ་བརྒྱབ་ནས་མཛད་སྒོར་ཞུགས་ཡོད། དམངས་ཚོགས་ཁག་གཅིག་གིས་ཝུན་ཧྲ་མཁར་རྫོང་ཕྱིར་མེ་ཏོག་ཕུལ་ནས་མྱ་ངན་ཞུས་པ་རེད།

དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པའེ་ཁྲི་ཐོག་གཉིས་པའི་བཟའ་ཟླ་ཧྥེ་ལི་ཕུའུ་ཆིན་ཝང་ཚེས་9ཉིན་གྱི་སྔ་དྲོ་ཝུན་ཧྲ་མཁར་རྫོང་དུ་གྲོངས་པ་དང་གྲོངས་སྐབས་ལོ་99ཡིན་པ་རེད། ཧྥེ་ལི་ཕུའུ་ཆིན་ཝང་1921ལོའི་ཟླ་6ཚེས་10ཉིན་སྐྱེས་པ་དང་དེ་སྔ་དབྱིན་ཇིའི་མཚོ་དམག་ཏུ་དམག་ཞབས་བྱེད་སྐབས་འཛམ་གླིང་དམག་ཆེན་གཉིས་པར་ཞུགས་མྱོང་ཡོད། 1947ལོའི་ཟླ་11པར་ཁོང་དང་ཁྲིར་འཁོད་མེད་པའི་དབྱི་ལི་ཧྲ་པའེ་གཉེན་སྒྲིག་བྱས་པ་དང་ཁོང་གཉིས་ལ་ཕྲུ་གུ་4ཡོད་པ་རེད།