《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月19日

ཟི་ལིང་དང་ལན་ཀྲོའུ་ཡིས་ཕྱོགས་ཡོངས་ནས་མི་ཤུགས་ཐོན་ཁུངས་ཀྱི་མཉམ་ལས་བྱེད་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དང་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་གྱིས་ཐུན་མོང་ཐོག《ལན་ཀྲོའུ་དང་ཟི་ལིང་གི་གྲོང་ཁྱེར་ཚོམ་བུའི་མི་ཤུགས་ཐོན་ཁུངས་མཉམ་ལས་ཀྱི་གྲོས་མཐུན་ཡི་གེར》མིང་རྟགས་བཀོད་དེ་ཕྱོགས་ཡོངས་ནས་གྲོང་ཁྱེར་གཉིས་ཀྱི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་པ་དང་། ལས་ཞུགས་ཞབས་ཞུའི་མཉམ་སྤྱོད་ལམ་སྲོལ་འཛུགས་པ་སོགས་ཕྱོགས་13ཐད་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་བྱུང་སྟེ་ལན་ཀྲོའུ་དང་ཟི་ལིང་གི་མི་ཤུགས་ཐོན་ཁུངས་ཐོན་ལས་འཕེལ་རྒྱས་ཆེད་རྣམ་པ་གསར་པ་ཞིག་གཏོད་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མཉམ་ལས་གྲོས་མཐུན་ནང“ཕྱོགས་ཡོངས་ནས་གྲོང་ཁྱེར་གཉིས་ཀྱི་མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་རའི་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ”དེ་གནས་བབ་གལ་ཆེན་ཐོག་བཞག་ནས་གྲོང་ཁྱེར་གཉིས་ཀྱིས་ལས་ཤོར་མི་སྣ་ཡུལ་གཞན་དུ་ལས་ཞུགས་ཐུབ་པ་དང་། ལན་ཀྲོའུ་དང་ཟི་ལིང་ས་ཆ་གཉིས་ཀྱི་ཤེས་ལྡན་པའི་སྤེལ་རེས་དང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སོགས་འཚོགས་ཏེ་ལན་ཀྲོའུ་དང་ཟི་ལིང་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་ལས་རིགས་རྩལ་ནུས་མ་ལག་འཛུགས་པ། མི་ཤུགས་ཐོན་ཁུངས་མཐུན་སྦྱོར་འཕེལ་རྒྱས་ལ་བརྟེན་ནས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན་པ་རེད། དེ་དང་དུས་མཚུངས། གྲོང་ཁྱེར་གཉིས་ཀྱིས་ད་དུང་མི་ཤུགས་ཐོན་ཁུངས་ཀྱི་མཉམ་ཞུགས་ཚོགས་འདུའི་ལམ་ལུགས་འཛུགས་ནས་རྩ་དོན་ཐོག་ལོ་རེར་ཐེངས་རེ་འཚོགས་ནས་འབྲེལ་ཡོད་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ལན་ཀྲོའུ་དང་ཟི་ལིང་གྲོང་ཁྱེར་གཉིས་ཀྱི་མི་ཤུགས་ཐོན་ཁུངས་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་གནད་དོན་གལ་ཆེན་མཐུན་སྦྱོར་ངང་ཐག་གཅོད་བྱས་ནས་གྲོང་ཁྱེར་གཉིས་ཀྱི་མི་ཤུགས་ཐོན་ཁུངས་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

གཞན་ཡང་། ཟི་ལིང་དང་ལན་ཀྲོའུ་གྲོང་ཁྱེར་གཉིས་ཀྱིས་ལག་གདང་སྦྲེལ་ནས་མི་ཤུགས་ཐོན་ཁུངས་ཁྲོམ་རའི་མཐུན་སྦྱོར་མཉམ་ལས་དང་། ས་ཁོངས་ཀྱི་ཤེས་ལྡན་པའི་སྤེལ་རེས་མཉམ་ལས། ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་སོགས་ཕྱོགས་ཁག་ཐད་མཉམ་ལས་གཏིང་ཟབ་བྱེད་པ་དང་། ལས་ཞུགས་ཞབས་ཞུ་མཉམ་སྤྱོད་དང་། ཕྱོགས་མིའི་ཆ་འཕྲིན་དང་ཐོན་ཁུངས་མཉམ་སྤྱོད། ཤེས་ལྡན་པ་འགུག་ཐབས་དང་འབྲེལ་གཏུག་མཉམ་སྤྱོད་བཅས་བརྒྱུད་གྲོང་ཁྱེར་གཉིས་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་ཐོན་ཁུངས་ཀྱི་དགོས་མཁོ་འབྲེལ་མཐུད་མཉམ་ལས་ཀྱི་ལས་སྟེགས་གཏོད་དེ་ལན་ཀྲོའུ་དང་ཟི་ལིང་ས་ཁུལ་གཉིས་ཀྱི་མི་ཤུགས་ཐོན་ཁུངས་ཀྱི་གསོན་ཤུགས་འདོན་སྤེལ་གང་ལེགས་བྱས་ནས་ལན་ཀྲོའུ་དང་ཟི་ལིང་གི་གྲོང་ཁྱེར་ཚོམ་བུ་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱ་རྒྱུ་ཡིན་པ་རེད།