《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月19日

ཨོ་སི་ཁྲུ་ལི་ཡའི་གནམ་དཔྱད་རིག་པ་མཁས་ཅན་གྱིས་བརྗོད་དོན།

“ཀྲུང་གོའི་གནམ་མིག”གོ་ལ་ཧྲིལ་པོར་སྒོ་དབྱེ་ཚེ་རྒྱལ་སྤྱིའི་ཚན་རིག་ལས་རིགས་ཀྱི་མཉམ་ལས་ལ་ཕན་ཐོགས་ཡོད།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁན་པེ་ར་ནས་གློག་འཕྲིན་འབྱོར་གསལ། ཨོ་སི་ཁྲུ་ལི་ཡའི་གློག་འཕྲོའི་གནམ་དཔྱད་རིག་པ་མཁས་ཅན་ནཱ་ཨོ་སྨི·མའེ་ཁེ་ལུར-ཀེ་ལི་ཧྥེ་སིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས“ཀྲུང་གོའི་གནམ་མིག”འཛམ་གླིང་ཡོངས་ལ་སྒོ་དབྱེ་ཚེ་རྒྱལ་ཁབ་མི་འདྲ་བའི་ཚན་རིག་མཁས་ཅན་དབར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་ཐུབ་ཅེས་བརྗོད་པ་རེད།

མའེ་ཁེ་ལུར-ཀེ་ལི་ཧྥེ་སིས། དེས་རྒྱལ་སྤྱིའི་ཞིབ་འཇུག་དང་མཉམ་ལས་ལ་ཕན་ཐོགས་ཡོད་པ་དང་ལྷག་པར་དུ་ན་གཞོན་ཚན་རིག་མཁས་ཅན་ལ་མཚོན་ན། འདི་ནི་སྤེལ་རེས་ཀྱི་གོ་སྐབས་ཧ་ཅང་ཡག་པོ་ཞིག་ཡིན་པས་མཉམ་ལས་འབྲེལ་བ་བཙུགས་ནས་ཞིབ་འཇུག་ཁྱབ་ཁོངས་ཆེ་རུ་གཏོང་རྒྱུར་ཕན་པ་ཡོད་ཅེས་བརྗོད་པ་དང་། ཁོང་གིས། ཨོ་སི་ཁྲུ་ལི་ཡའི་རྒྱལ་ནང་གི་ཚོགས་པ་མི་ཉུང་བ་ཞིག་གིས“ཀྲུང་གོའི་གནམ་མིག”སྤྱད་དེ་ལྟ་དཔྱད་ཚད་འཇལ་བྱ་རྒྱུའི་རེ་ཞུ་བྱེད་ཀྱི་ཡོད་པས། གོ་སྐབས་འདི་ཐོབ་རྒྱུའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

“འདི་དངོས་གནས་བརྗིད་ཉམས་ལྡན་པ་ཞིག་འདུག དེའི་གྲུབ་ཆ་ནི་ཧ་ལས་ཧང་སངས་པའི་བཟོ་བཀོད་ཀྱི་ངོ་མཚར་ཞིག་རེད་ཅེས་བཤད་ཆོག”ཅེས་མའེ་ཁེ་ལུར-ཀེ་ལི་ཧྥེ་སིས་བརྗོད་པ་རེད།

ཁོང་གིས། “ཀྲུང་གོའི་གནམ་མིག”གི་འབྱུང་འགྱུར་ལོ་ཤས་ཀྱི་ལྟ་དཔྱད་ཚད་འཇལ་གྲུབ་འབྲས་མི་རྣམས་དགའ་འོས་པ་ཞིག་ཡོང་ངེས་རེད་ཅེས་བརྗོད་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། པ་སངས་ཕན་ཐོགས་ཀྱིས་ཞུས)