《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月09日

མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས།

མི་ཚང་མར་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་ཐུབ་པ་བྱེད་དགོས་པའི་རེ་འབོད་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་4ཚེས་6ཉིན་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་ལག་བསྟར་ཀྲུའུ་རེན་ཧེང་ལི་ཨའེ་ཐ·ཧྥུར་གྱིས་ཚེས་6ཉིན་གསལ་བསྒྲགས་སྤེལ་ནས་འབྲེལ་ཡོད་ཕྱོགས་ཁག་གིས་བྱ་ཐབས་མགྱོགས་མྱུར་སྤྱད་དེ་ཏོག་གསར་རིམས་འགོག་སྨན་ཁབ་ཐོན་སྐྱེད་དང་བགོ་འགྲེམས། དེ་བཞིན་འདྲ་མཉམ་ངང་ཐོབ་པའི་མྱུར་ཚད་མགྱོགས་སུ་གཏོང་རྒྱུའི་སྐུལ་མ་བཏང་བ་རེད།

ཧྥུར་གྱིས། དང་ཐོག་ཏོག་གསར་རིམས་འགོག་སྨན་ཁབ་ཀྱི་ཤེས་བྱའི་བདག་དབང་ལྡན་མཁན་གྱིས་རང་མོས་དང་རང་འགུལ་ངང་དབང་ཆ་སྤྲད་དེ་འབྲེལ་ཡོད་ཤེས་བྱའི་བདག་དབང་སྟབས་བདེ་ཅན་དུ་གཏོང་རྒྱུའི་རེ་འབོད་བྱས་པ་དང་། དེ་ནས་འབྲེལ་ཡོད་རྒྱལ་ཁབ་ཁག་གིས་རིམས་འགོག་སྨན་ཁབ་ཀྱི་མི་རིགས་རིང་ལུགས་དོར་བ་དང་ཆབས་ཅིག་རིམས་འགོག་སྨན་ཁབ་ཀྱི“ཚད་བརྒལ”མངགས་ཐོ་དེ“ཏོག་གསར་རིམས་འགོག་སྨན་ཁབ་ཀྱི་ལག་བསྟར་འཆར་གཞི”གཞིར་བཟུང་གཡར་བ་དང་སྤྲོད་པའམ་ཡང་ན་འདི་ལོའི་རིམས་འགོག་སྨན་ཁབ་ཐོལ་བ་མང་ཆེ་བའམ་ཡང་ན་ཚང་མ་ཞལ་འདེབས་བརྒྱབ་ནས་རྒྱལ་ཁབ་གཞན་དག་ལ་འདྲ་མཉམ་ངང་བགོ་བཤའ་རྒྱག་ཐུབ་པ་བྱེད་དགོས་པའི་སྐུལ་འདེབས་བྱས་པ་རེད།

ཧྥུར་གྱིས། དུས་ཐུང་ལོ་གཅིག་ལྷག་ཙམ་ནང་ཚན་རིག་མཁས་ཅན་དང་། ཁེ་ལས། སྲིད་གཞུང་སོགས་ཀྱིས་ཏོག་གསར་རིམས་འགོག་སྨན་ཁབ་མཉམ་དུ་ཞིབ་བཟོ་བྱས་པ་དང་འབྲེལ་དེ་བདེ་འཇགས་དང་དུས་ཐོག་ཏུ་རྒྱག་ཐུབ་པའི་འགན་ལེན་བྱས་ཡོད་ཅེས་བརྗོད།

ཧྥུར་གྱིས། ཏོག་དབྱིབས་ནད་དུག་ལས་རྦད་དེ་རྣམ་པར་རྒྱལ་ཆེད། རྒྱལ་ཁབ་ཁག་གིས་ངེས་པར་དུ་མི་ཚང་མར་རིམས་འགོག་སྨན་ཁབ་འདྲ་མཉམ་ངང་རྒྱག་ཐུབ་པའི་འབད་བརྩོན་བྱེད་དགོས། ཁོང་གིས“ང་ཚོས་སྔ་ཙམ་ལག་བསྟར་བྱས་ན་ང་ཚོ་དང་དེ་བཞིན་ང་ཚོའི་ཕྲུ་གུ་ཚོའི་འཚོ་བ་སྔ་ཙམ་རྒྱུན་གཏན་བཞིན་སླར་གསོ་ཡོང་ཐུབ”ཅེས་བརྗོད་པ་རེད།

(བདེ་དབང་དང་བཀྲ་ཚེས་སྒྱུར་ཞུས་བྱས)