《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月09日

ཀྲུང་གོའི་དབུལ་པོ་ཉུང་གཏོང་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་འཛམ་གླིང་གི་བློ་སྒོ་འབྱེད་པ།

—— རྒྱལ་ཁབ་མང་པོའི་མི་སྣས《མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་གི་ཀྲུང་གོའི་ལག་ལེན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་དེར་ཚད་མཐོའི་གདེང་འཇོག་བྱས་པ།

ཚེས་6ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་གི་ཀྲུང་གོའི་ལག་ལེན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཀྲམ་ཞིང་། རྒྱལ་ཁབ་མང་པོའི་མི་སྣས་རྒྱབ་ཤ་དཀར་པོའི་དེབ་དེར་ཚད་མཐོའི་གདེང་འཇོག་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་དབུལ་པོ་ཉུང་གཏོང་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་བྱ་གཞག་དང་མིའི་རིགས་འཕེལ་རྒྱས་དང་ཡར་རྒྱས་འགྲོ་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་བས་ཀྲུང་གོའི་ཉམས་མྱོང་བཟང་པོ་སློབ་སྦྱོང་བྱེད་འོས་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་ཟུར་པ་ཀྲུང་གོར་བཅའ་སྡོད་ཁེར་གྷི་སི་ཐན་གྱི་དེ་སྔའི་གཞུང་ཚབ་ཆེ་མོ་བ་མུའུ་ལ་ཐེ་པེ་ཁེ·དབྱི་མ་ན་ལི་ཡེ་ཧྥུའུ་ཡིས་ཀྲུང་གོས་འཛམ་གླིང་ཡོངས་ཀྱི་དབུལ་པོ་སེལ་བའི་ལས་དོན་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོའི་དབུལ་པོ་ཉུང་གཏོང་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་བདེ་སྐྱིད་ཆེད་འབད་འཐབ་བྱས་པའི་རླབས་ཆེན་རྒྱལ་ཁ་ཞིག་རེད། གྲུབ་འབྲས་འདི་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལྟེ་བར་འཛིན་པའི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བའི་སྒྱུར་བཅོས་ལས་བྱུང་བ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་གཞོན་པ་ཅིང་ཧྥེ་ཡིས་ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་དུས་མཚུངས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་དུས་བཀག་ལྟར་མངོན་འགྱུར་བྱས་པ་དེ་ལས་ཀྲུང་གོ་གུང་ཁྲན་ཏང་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་མཁན་ཏང་ཞིག་ཡིན་པ་གསལ་བཤད་བྱེད་ཐུབ། འཛམ་གླིང་རྒྱལ་ཁབ་ཁག་གིས་ཀྲུང་གོའི་དབུལ་སྒྲོལ་ཉམས་མྱོང་ཁྲོད་ནས་ཕན་པ་ཐོབ་པ་བྱས་ཏེ། དབུལ་པོ་སེལ་བ་དང་ཐུན་མོང་འཕེལ་རྒྱས་ཀྱི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

ཨུ་ཟ་བྷེ་ཁི་སི་ཐན་གྱི་གཞུང་བཙུགས་སློབ་ཆེན་གྱི་དཔལ་འབྱོར་རིག་པའི་དགེ་རྒན་ཆེ་མོ་བ་ཧ་སང·ཨ་པུའུ་ཁ་སི་མུའུ་ཧྥུའུ་ཡིས་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་གྲུབ་འབྲས་ཐོབ་པའི་ལག་ལེན་དངོས་ལས་མཚོན་པར། དབུལ་ཕོངས་དང་འཐབ་རྩོད་བྱེད་པར་གལ་ཆེ་ཤོས་ནི་བློ་སྟོབས་ལྡན་པ་དང་། མིག་རྒྱང་རིང་བ། འགན་འཁྲི་ལྡན་པ། ལས་འགན་སྒྲུབ་སེམས་ཡོད་པ་བཅས་རེད། རྒྱལ་ཁབ་གཅིག་ལ་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་དང་ཆོད་སེམས་ཡོད་པ་མ་ཟད། ནུས་པ་ལྡན་པའི་བྱ་སྤྱོད་སྤེལ་ཚེ། དབུལ་སྒྲོལ་ཐུབ་ནས་ཐུན་མོང་ཕྱུག་འགྱུར་མངོན་འགྱུར་བྱེད་པའི་མཛེས་སྡུག་ལྡན་པའི་མདུན་ལམ་བཟང་པོའི་ཕྱོགས་སུ་རྒྱུན་ཆད་མེད་པར་བསྐྱོད་ཐུབ་ངེས་རེད་ཅེས་བརྗོད་པ་རེད།

ཨེ་ཅིབ་ཀྱི་ཀྲུང་གོ་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཨའེ་ཧ་མེ་ཏེ·ཝ་ལི་ཡིས་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ལག་ལེན་དངོས་ལས་གསལ་པོ་མཐོང་ཐུབ་པ་སྟེ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་ལ་འགན་འཁྲི་འཁུར་སེམས་ཆེན་པོ་ལྡན་ཡོད། འགྲན་སློང་སྣ་ཚོགས་འཕྲད་ནའང་ཀྲུང་གོས་འཚབ་འཚུབ་མེད་པའི་ངང་ཁ་གཏད་གཅོག་པ་མ་ཟད། དམིགས་ཚད་ལས་འགན་དུས་བཀག་ནང་ལེགས་གྲུབ་ཐུབ་ཀྱི་ཡོད་པས་རྒྱལ་ཁབ་མང་པོས་སློབ་སྦྱོང་བྱེད་འོས་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཐུར་ཁེའི་རྒྱལ་གཅེས་ཏང་གི་ཀྲུའུ་ཞི་ཧྥེ་ལིན་ཆེ་ཁེ་ཡིས་ཀྲུང་གོས་དབུལ་པོ་ཉུང་གཏོང་གི་བྱ་གཞག་ཐད་ངོ་མཚར་ཆེན་པོ་བཏོད་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་དབུལ་པོ་དབུལ་རྐྱང་བསལ་བ་ལས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་པ་དང“འདི་ནི་མིའི་རིགས་ཀྱི་རླབས་ཆེན་གྱི་ལོ་རྒྱུས་གྲུབ་འབྲས་ཤིག་ཡིན་པའི”ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

《ཧྥི་ལི་ཕིན་སྐར་ཚགས》ཀྱི་ཆེད་བསྒྲིགས་ལེ་ཚན་གྱི་རྩོམ་པ་པོ་ལི་ཐེན་རུང་གིས་ཀྲུང་གོའི་དབུལ་པོ་ཉུང་དུ་གཏོང་བའི་ལག་ལེན་དངོས་ཀྱིས་ཧྥི་ལི་ཕིན་ལ་བློ་སྒོ་འབྱེད་ཡོད། དབུལ་པོ་ཉུང་དུ་གཏོང་བ་དེ་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་དང་ཁ་འབྲལ་ཐབས་མེད་པ་དང་། དམངས་ཚོགས་ཀྱི་མཉམ་ཤུགས་དང་ཁ་འབྲལ་ཐབས་མེད་པ། སྒྱུར་བཅོས་ཀྱི་ཆོད་སེམས་དང་ཁ་འབྲལ་ཐབས་མེད་པ་བཅས་རེད་ཅེས་བརྗོད་པ་རེད།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་6ཉིན་འབྱོར་བའི་གློག་འཕྲིན)

(བསོད་བདེ་གཞོན་པས་བསྒྱུར། ལྷག་ཚེས་ཞུས)