《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月09日

རྒྱལ་ཡོངས་སུ་གྲོང་གསེབ་ཀྱི་ཁྱིམ་ཚང་གསང་སྤྱོད་ལ་ལེབ་བཤེར་རྣམ་པའི་གྲལ་བཤེར་དང་དག་ཐེར་བྱེད་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་7ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་ཞིང་ལས་གྲོང་གསེབ་པུས་རྒྱལ་ཡོངས་སུ་གྲོང་གསེབ་ཀྱི་གསང་སྤྱོད་སྒྱུར་བཀོད་ཀྱི་གནད་དོན་ལ་མཐིལ་རྟོགས་གྲལ་བཤེར་དང་དག་ཐེར་བྱེད་པའི་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར། 2018ལོར《གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱེད་པའི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི》ལག་ལེན་བསྟར་བ་ནས་བཟུང་། གྲོང་གསེབ་ཀྱི་གསང་སྤྱོད་སྒྱུར་བཀོད་ལ་སྐུལ་སྤེལ་ཧུར་ཐག་བཏང་ཡོད། 2020ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་གྲོང་གསེབ་ཀྱི་འཕྲོད་བསྟེན་གསང་སྤྱོད་ཁྱབ་ཚད་68%ཡན་ཟིན་ནས། ལོ་ལྟར་བརྒྱ་ཆའི་གྲངས་5ཙམ་མཐོ་རུ་འགྲོ་གི་ཡོད། རིམ་རྩིས་བྱས་ན་གྲོང་གསེབ་ཏུ་དུད་ཚང་ཁྲི་4000ལྷག་ཙམ་གྱི་གསང་སྤྱོད་སྒྱུར་བཀོད་བྱས་ཡོད།

ཚོགས་འདུའི་ཐོག་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་ཡག་པོ་བྱས་ནས། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་2013ལོ་ཚུན་དུ་རིམ་ཁག་ནོར་སྲིད་ཀྱིས་སྒྱུར་བཀོད་ལ་རྒྱབ་སྐྱོར་བྱས་པའི་གྲོང་གསེབ་ཀྱི་ཁྱིམ་ཚང་གསང་སྤྱོད་ལ་ལེབ་བཤེར་རྣམ་པའི་གྲལ་བཤེར་བྱས་ཏེ། མིག་སྔར་བེད་སྤྱོད་མི་ཐུབ་པའམ་ཡང་ན་ལོ་ཧྲིལ་པོར་བེད་སྤྱོད་མེད་པའི་གསང་སྤྱོད་དང་། གསང་སྤྱོད་སྒྱུར་བཀོད་ལས་དོན་ལ་གནས་སྲིད་པའི་དམིགས་ཚད་ཀྱི་ལས་འགན་ལུགས་དང་མ་མཐུན་པ་དང་། ཁྱབ་གདལ་གཏོང་སྟངས་སྟབས་བདེ་བ། ལག་རྩལ་གྱི་བྱེད་ཐབས་ཚན་རིག་དང་མི་མཐུན་པ། སྤུས་ཚད་ལ་ཚོད་འཛིན་ནན་པོ་མི་ཐུབ་པ། དོ་དམ་བདག་སྐྱོང་གི་ལམ་སྲོལ་འཐུས་ཚང་མེད་པ་སོགས་ཀྱི་གནད་དོན་ལ་གཙོ་བོར་དམིགས་ནས། མཐིལ་རྟོགས་གྲལ་བཤེར་ཐུབ་པའི་གནད་དོན་ལ་དམིགས་ས་ཡོད་པའི་སྒོ་ནས་ཐག་གཅོད་ཀྱི་ཇུས་གཞི་འདོན་པ་དང་འཕྲལ་མར་བྱ་སྤྱོད་སྤེལ་ནས་སྒྱུར་བཅོས་གཏོང་དགོས་རིགས་ལ་འཕྲལ་དུ་སྒྱུར་བཅོས་བྱེད་པར་དམ་འཛིན་དང་། དེ་མིན་ལ་དག་ཐེར་གྱི་དུས་ཚོད་རེའུ་མིག་དང་ལས་སྒྲུབ་ཀྱི་དཔེ་རིས་ཁ་གསལ་བཀོད་དེ་དག་ཐེར་གནད་འཁེལ་བྱེད་དགོས་པ་མ་ཟད། མཐིལ་རྟོགས་གྲལ་བཤེར་དང་དག་ཐེར་བྱས་པ་བརྒྱུད་སྲིད་ཇུས་དང་ལམ་སྲོལ་འཐུས་ཚང་དང་སྤྱོད་ཚུལ་ལེགས་སུ་གཏོང་བར་སྔར་བས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

(པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)