《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月09日

ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་སྐོར་སྐྱོད་རླངས་འཁོར་གྱིས་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་གཞོགས་འདེགས་བྱས་པ།

ཟླ་4ཚེས་7ཉིན་པེ་ཅིང་ཤིས་ཏན་ཚོང་ལས་ཁུལ་དུ་ཡོད་པའི་ཧའེ་ལེ་མེའོ་རིམས་འགོག་སྨན་ཁབ་རྒྱག་པའི་སྐོར་སྐྱོད་རླངས་འཁོར་དངོས་སུ་བེད་སྤྱོད་བྱེད་འགོ་ཚུགས་པ་དང་། འགྲུལ་རྒྱུན་ཅུང་ཆེ་བའི་ཁུལ་ཁོངས་སུ་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་ས་བཙུགས་པས། རིམས་འགོག་སྨན་ཁབ་རྒྱག་ཚད་མཐོ་རུ་སོང་བ་མ་ཟད། ད་དུང་ཕར་འགྲོ་ཚུར་འོང་བྱེད་མཁན་འགྲུལ་པར་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་ཤེས་བྱ་ཁྱབ་གདལ་བཏང་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་ཕྱིན་ཡོད། ཟླ་4ཚེས་1ཉིན་ནས་བཟུང་། པེ་ཅིང་ཧྥང་ཐའེ་དང་། གྲོང་ནུབ། ཧྲུན་དབྱི། ཁྲའོ་དབྱང་བཅས་ཆུས་4ལ་སྔ་རྗེས་སུ་ཧའེ་ལེ་མེའོ་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་སྐོར་སྐྱོད་རླངས་འཁོར་བཏང་ནས་སྨན་ཁབ་བརྒྱབ་སྟེ། སྡེ་ཁུལ་དང་། བཟོ་གྲྭ ཚོང་ཁང་སོགས་ཁུལ་ཁོངས་སུ་ཞབས་འདེགས་ཞུས་ཡོད། འདི་ནི་ཟླ་4ཚེས་7ཉིན་སྨན་དོན་མི་སྣས་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་སྐོར་སྐྱོད་རླངས་འཁོར་དུ་གྲོང་མིར་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་བཞིན་པ།