《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月09日

《ལོ་བརྒྱའི་ལང་ཚོ། ཀྲུང་གོ་གུང་ཁྲན་ཏང་གི་སྔོན་ཐོན་རང་བཞིན་གཏན་དུ་གནས་པའི་གསང་བ》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཤིན་ཧྭ་དཔེ་སྐྲུན་ཁང་གིས《ལོ་བརྒྱའི་ལང་ཚོ། ཀྲུང་གོ་གུང་ཁྲན་ཏང་གི་སྔོན་ཐོན་རང་བཞིན་གཏན་དུ་གནས་པའི་གསང་བ》དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད། དེབ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་རྒྱབ་ལྗོངས་སུ་བྱས་པ་ཞིག་ཡིན་ཞིང་། དེབ་དེས་ཀློག་པ་པོར་ཀྲུང་གོ་གུང་ཁྲན་ཏང་གིས་རླུང་རྟེན་རླབས་གཤགས་བྱས་པའི“གསང་བ”འཚོལ་ཞིབ་བྱེད་རྒྱུར་ཁྲིད་སྟོན་བྱས་ཡོད།

《ལོ་བརྒྱའི་ལང་ཚོ། ཀྲུང་གོ་གུང་ཁྲན་ཏང་གི་སྔོན་ཐོན་རང་བཞིན་གཏན་དུ་གནས་པའི་གསང་བ》ནི་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་ལིའུ་ཡུས་དབྱིང་གིས་བྲིས་པའི་དེབ་གསར་པ་ཞིག་ཡིན་པ་དང་། དེབ་དེ་ཁྱོན་ས་བཅད་དྲུག་ལ་དབྱེ་ཡོད་ཅིང་། ས་བཅད་དྲུག་པོ་ནི“བློ་བརྟན་འགྱུར་མེད་ཀྱི་ཕུགས་བསམ་དང་དད་སེམས་ལ་བརྟེན་ནས་བླ་སྲོག་བརྟན་དུ་གཏོང་བ”དང་། “མི་དམངས་གོང་དུ་བཀུར་བ་མཐའ་འཁྱོངས་ཀྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོ་འཆང་བ” “གྲི་དངོ་རང་གཏད་བྱེད་ནུས་པ་བྱས་ནས་རང་ངོས་གསར་བརྗེ་བྱེད་ཕོད་པ” “ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་གྱི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ” “ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་བྱས་ནས་ཏང་གི་སྔོན་ཐོན་རང་བཞིན་གཏན་དུ་གནས་པ་བྱེད” “སློབ་སྦྱོང་སློབ་གསོར་མཐོང་ཆེན་བྱས་ནས་ཏང་ཡོངས་ཀྱི་བསམ་བློའི་ཆུ་ཚད་མཐོ་རུ་གཏོང་བ”བཅས་རེད།

དེབ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་ཏང་གི་ལོ་རྒྱུས་རྨང་གཞིར་བྱས་པ་དང་། གཏམ་རྒྱུད་ལ་བརྟེན་ནས་བསམ་བློར་སྣང་ཆེན་དང་ལོ་རྒྱུས་ཀྱི་དོན་དངོས་ལ་བརྟེན་ནས་གནས་ལུགས་ལ་སྣང་ཆེན་བྱས་ཡོད་པ་དང་། སྔོན་ཐོན་རང་བཞིན་གཏན་དུ་གནས་པའི་གསང་བའི་སྤྱི་ཡོངས་རགས་བསྡུས་ཀྱིས་རྒྱས་བཤད་བྱས་པ་མ་ཟད། ད་དུང་དེར་སྤྱད་པའི་བྱ་ཐབས་གལ་ཆེན་ལ་དབྱེ་ཞིབ་བྱས་ཏེ་ཕྱོགས་ཡོངས་དང་སྒོ་ཀུན་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལང་ཚོ་གཏན་དུ་གནས་ཐུབ་པའི་གསང་བ་མཚོན་གང་ཐུབ་བྱས་ཡོད།

དེབ་དེར་རྩ་ཆེའི་ལོ་རྒྱུས་པར་རིས་40ལྷག་ཙམ་ཞིབ་ཅིང་ཕྲ་བའི་སྒོ་ནས་འདེམས་སྒྲིག་བྱས་པ་དང་། ཡིག་རིས་དང་། དཔེ་མཚོན་ཕུན་སུམ་ཚོགས་པ། སྐད་ཆ་གསོན་ཉམས་དོད་པ། གོ་རིམ་དབྱེ་བ་གསལ་བ། རྒྱུ་མཚན་གནད་ལ་འཕིགས་པ་བཅས་ཡོད་པས། དེ་ནི་གསོན་ཉམས་དོད་པ་དང་ཀློག་རིན་ཆེ་བའི“ལོ་རྒྱུས་བཞིའི”ཀློག་དེབ་ཅིག་རེད། དེབ་དེར་ཀྲུང་གོ་གུང་ཁྲན་ཏང་གིས“འཇོན་དོན”ལ་གསོན་ཉམས་དོད་པའི་རྒྱས་བཤད་བྱ་ཆེད་གོ་བདེ་ཤེས་སླའི་འགྲེལ་བཤད་བྱས་ཡོད་པས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འབད་འཐབ་ཀྱི་ལོ་རྒྱུས་ལམ་ལ་རྒྱུས་ལོན་བྱེད་པར་མཐོང་སྣེ་གསར་རྐྱང་ཞིག་མཁོ་འདོན་བྱས་ཡོད་པ་རེད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། བསྟན་འཛིན་བློ་གྲོས་ཀྱིས་ཞུས)