《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月07日

ཅོར་ཏན་གྱིས་ཀྲུང་གོ་ནས་ཉོས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཁག་དང་པོ་རྒྱལ་ས་ཨན་མན་དུ་འབྱོར་བ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨན་མན་ནས་ཟླ་4ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཅོར་ཏན་སྲིད་གཞུང་གིས་ཀྲུང་གོ་ནས་ཉོས་པའི་ཀྲུང་གོ་སྨན་རྫས་ཚོགས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཁག་དང་པོ་ཚེས་4ཉིན་གྱི་དགོང་མོ་ཅོར་ཏན་གྱི་རྒྱལ་ས་ཨན་མན་དུ་འབྱོར་བ་རེད།

ཅོར་ཏན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེན་ཁྲོན་ཏུང་གིས། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་ཀྲུང་ཅོར་རྒྱལ་ཁབ་གཉིས་པོས་ལྟ་རེས་སྐྱོང་རེས་དང་ལག་གདང་སྦྲེལ་ནས་རིམས་འགོག་བྱས་པ་ལས། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་ཟབ་མོ་གང་ལེཌ་མཚོན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཅོར་ཏན་ཕྱོགས་ལ་ཀྲུང་གོའི་རིམས་འགོག་སྨན་ཁབ་ཉོ་བར་རམ་འདེགས་ཧུར་ཐག་བྱས་པ་ལས། ཀྲུང་ཅོར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་རིན་ཐང་དང་ཀྲུང་གོ་ཕྱོགས་ཀྱིས་ཅོར་ཏན་ཕྱོགས་ལ་རིམས་ནད་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་བྱས་པའི་བྱ་སྤྱོད་དངོས་མངོན་ཡོད། ཀྲུང་གོའི་རིམས་འགོག་སྨན་ཁབ་ཀྱི་བདེ་འཇགས་རང་བཞིན་དང་ནུས་ལྡན་རང་བཞིན་ལ་ཅོར་ཏན་གྱི་མང་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཅོར་ཏན་ཕྱོགས་དང་རིམས་འགོག་མཉམ་ལས་བྱས་ནས་ཅོར་ཏན་གང་མགྱོགས་རིམས་ནད་ལས་རྣམ་པར་རྒྱལ་བར་རོགས་རམ་བྱེད་ཀྱི་ཡིན་ཞེས་བརྗོད།