《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月31日

ཁུ་པའི་དམངས་ཚོགས་ཀྱིས་ཁྲོམ་སྐོར་བྱས་ཏེ་ཨ་རིས་ཁུ་པར་བཀག་སྡོམ་བྱེད་མཚམས་འཇོག་རྒྱུའི་བླང་བྱ་བཏོན་པ།

འདི་ནི་ཟླ་3ཚེས་28ཉིན་ཁྲོམ་སྐོར་ནང་ཞུགས་པའི་རླངས་འཁོར་རུ་ཁག་ཧ་ཝ་ནར་ཡོད་པའི་ཁུ་པར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེ་མོ་ཁང་གི་མདུན་དུ་སྐྱོད་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧ་ཝ་ན་ནས་གློག་འཕྲིན་འབྱོར་གསལ། ཁུ་པའི་དམངས་ཚོགས་བརྒྱ་ཕྲག་ཁ་ཤས་ལས་གྲུབ་པའི་རླངས་འཁོར་རུ་ཁག་གིས་ཚེས་28ཉིན་རྒྱལ་ས་ཧ་ཝ་ནར་ཁྲོམ་སྐོར་བྱས་ཏེ་ཨ་རིས་ཁུ་པར་ལོ་ངོ་60ཙམ་བཀག་སྡོམ་བྱས་པ་མཚམས་འཇོག་རྒྱུའི་བླང་བྱ་བཏོན་པ་རེད།

ཚེས་28ཉིན་གྱི་སྔ་དྲོ། རླངས་འཁོར་དང་། སྦག་སྦག རྐང་འཁོར་སོགས་ལས་གྲུབ་པའི་རླངས་འཁོར་རུ་ཁག་གིས་ཧ་ཝ་ནའི་རིང་ཚད་སྤྱི་ལེ་7ཙམ་གྱི་མཚོ་འགྲམ་ལམ་ཆེན་བརྒྱུད་ཁྲོམ་སྐོར་རུ་ཁག་གིས“བཀག་སྡོམ་ལ་ངོ་རྒོལ་བྱེད”ཅེས་པ་སོགས་ཀྱི་འབོད་ཚིག་སྒྲོག་པ་རེད། རླངས་འཁོར་རུ་ཁག་མཚོ་འགྲམ་ལམ་ཆེན་དུ་གནས་པའི་ཁུ་པར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེ་མོ་ཁང་གི་མདུན་དུ་འབྱོར་སྐབས་ཁྲོམ་སྐོར་གྱི་ཚ་རླབས་འཕྱུར་བ་རེད།

ཁྲོམ་སྐོར་བྱེད་མཁན་ཨ་ཏེ་ལི་ཨན·ཁུང་ཏའེ་ཡིས་ཁུ་པའི་གཞོན་ནུས་རྒྱལ་ཁབ་ཀྱི་ད་ཆ་དང་འབྱུང་འགྱུར་གྱི་འཕེལ་རྒྱས་ཆེད་འབད་བརྩོན་བྱས་ཏེ། ཨ་རིའི་བཀག་སྡོམ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད།