《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月31日

ཀྲུང་གོས་ལོ་སིར་རོགས་སྐྱོར་བྱས་པའི་རྒྱལ་སའི་གྲོང་ཁྱེར་ལྟེ་བའི་ཁུལ་གྱི་བཀྲག་མདངས་འཚེར་བའི་ལས་གྲྭའི་རྣམ་གྲངས་ཀྱི་རྩིས་སྤྲོད་རྩིས་ལེན་མཛད་སྒོ་འཚོགས་པ།

ཉེ་ཆར་ཝན་ཐེན་དུ་ཀྲུང་གོ་སྲིད་གཞུང་གིས་ལོ་སིར་རོགས་སྐྱོར་བྱས་པའི་རྒྱལ་ས་ཝན་ཐེན་གྱི་ལྟེ་བའི་ཁུལ་གྱི་བཀྲག་མདངས་འཚེར་བའི་ལས་གྲྭའི་རྣམ་གྲངས་ཀྱི་རྩིས་སྤྲོད་རྩིས་ལེན་མཛད་སྒོ་འཚོགས་པ་རེད། བཀྲག་མདངས་འཚེར་བའི་ལས་གྲྭའི་རྣམ་གྲངས་ནང་ཝན་ཐེན་ཁའེ་ཞོན་མོན་ཐང་ཆེན་གྱི་གྱེན་འཕྱུར་ཆུ་མིག་དང་། གློག་སྒྲོན། སྒྲ་སྐྱེད་མ་ལག་རིམ་སྤོར་སྒྱུར་བཀོད་དང་ཝན་ཐེན་གྲོང་ཁྱེར་གྱི་ལྟེ་བའི་ཁུལ་གྱི་ལམ་7གྱི་གློག་སྒྲོན་ལེགས་སྒྱུར་སོགས་ཚུད་ཅིང་། འདི་ནི་ལོ་སིའི་རྒྱལ་ས་ཝན་ཐེན་ནས་པར་བླངས་པའི་གློག་སྒྲོན་སྤར་བའི་ཁའེ་ཞོན་མོན་ཐང་ཆེན་ཡིན་པ།