《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月31日

ཀྲུང་ཐེ་ལྕགས་ལམ་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་ཨར་སྐྲུན་གྲོས་མཐུན་ལ་མིང་རྟགས་བཀོད་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པང་ཁོག་ནས་གློག་འཕྲིན་འབྱོར་གསལ། ཀྲུང་ཐེ་ལྕགས་ལམ་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི(པང་ཁོག་ནས་ཧོ་ལེ་བར)དུམ་བུ་གསུམ་གྱི་ཨར་སྐྲུན་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་ཚེས་29ཉིན་ཐེ་ལན་གྱི་འགྲིམ་འགྲུལ་པུའུ་རུ་གཉེར་བ་རེད། སྔོན་རྩིས་བྱས་ན་དུས་ཁག་དང་པོའི་ལམ་དུམ་2026ལོའི་ལོ་མཇུག་ནས་2027ལོའི་ལོ་སྟོད་དུ་ལས་མཇུག་འགྲིལ་ནས་མེ་འཁོར་ཤར་གཏོང་ཐུབ་རྒྱུ་རེད།

ཐེ་ལན་གྱི་འགྲིམ་འགྲུལ་པུའུ་ཀྲང་ས་ས་ཡང་གིས་དེ་ཉིན་གྱི་མིང་རྟགས་འགོད་པའི་མཛད་སྒོ་གཙོ་སྐྱོང་བྱས་པ་དང་། ཐེ་ལན་གྱི་རྒྱལ་ཁབ་ལྕགས་ལམ་ཅུས་དང་ཀྲུང་གོ་ཨར་སྐྲུན་མ་རྐང་ཚད་ཡོད་ཀུང་སི་ཚུད་པའི་ཀྲུང་ཐེའི་རྣམ་གྲངས་འགན་གཙང་ཀུང་སིས་གན་རྒྱར་མིང་རྟགས་བཀོད་པ་རེད།

2017ལོར་ཀྲུང་ཐེ་ལྕགས་ལམ་གྱི་དུས་ཐེངས་དང་པོའི་རྣམ་གྲངས་ལས་འགོ་ཚུགས་ཚུན། ཨར་སྐྲུན་གྱི་འཕེལ་རིམ་བདེ་བླག་བྱུང་ཡོད་པ་རེད།