《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月31日

ཀྲུང་གོའི་ཁོའོ་ཤིན་གྱིས་བཟོ་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཁག་དང་པོ་གྲོང་ཁྱེར་སར་ཝ་ཏོར་འབྱོར་བ།

ཟླ་3ཚེས་28ཉིན་ཀྲུང་གོའི་ཁོའོ་ཤིན་ཀུང་སིས་ཞིབ་བཟོ་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་སར་ཝ་ཏོར་འབྱོར་ཡོད། འདི་ནི་ཟླ་3ཚེས་28ཉིན་ལས་དོན་པས་སར་ཝ་ཏོ་རྒྱལ་སྤྱིའི་གནམ་ཐང་དུ་ཀྲུང་གོའི་ཁོའོ་ཤིན་གྱིས་ཞིབ་བཟོ་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་གནམ་གྲུ་ནས་འབེབས་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་མོ་ཞི་ཁོ་གྲོང་ནས་གློག་འཕྲིན་འབྱོར་གསལ། ཧྲེང་སར་ཝ་ཏོ་ནས་གནས་ཚུལ་སྤེལ་གསལ། ཚེས་28ཉིན་ཀྲུང་གོའི་ཁོའོ་ཤིན་ཀུང་སིས་ཞིབ་བཟོ་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཁག་དང་པོ་གྲོང་ཁྱེར་སར་ཝ་ཏོར་འབྱོར་བ་རེད། སར་ཝ་ཏོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཨོའུ་ཅན་ཧུང་དང་སར་ཝ་ཏོའི་འཕྲོད་བསྟེན་པུའུ་ཀྲང་ཧྥེ་ལང་ཤིས་སི་ཁོ·ཨ་ལ་པི་སོགས་གནམ་ཐང་དུ་རྩིས་སྤྲོད་རྩིས་ལེན་ བྱེད་པར་སླེབས་ཡོད་པ་རེད།

ས་གནས་དེ་གའི་དུས་ཚོད་ཉིན་དེའི་ཐོ་རེངས་སུ་སར་ཝ་ཏོ་སྲིད་གཞུང་གིས་ཉོ་སྒྲུབ་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཁག་དང་པོ་བླུགས་པའི་ཀྲུང་གོ་རྒྱལ་སྤྱི་མཁའ་འགྲུལ་ཀུང་སིའི་གནམ་གྲུ་ཞིག་སར་ཝ་ཏོ་རྒྱལ་སྤྱིའི་གནམ་ཐང་དུ་བབས་པ་རེད།

ཨ་ལ་པིས་ཤིས་ཚིག་ནང་སར་ཝ་ཏོ་ཕྱོགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཁོའོ་ཤིན་གྱིས་ཞིབ་བཟོ་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་འབྱོར་བ་དེས་སར་ཝ་ཏོའི་རིམས་འགོག་ཐད་རེ་བ་སྦྱིན་ཏེ་ས་གནས་དེ་གར་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་འཆར་གཞིར་རོགས་རམ་ཐུབ་རྒྱུ་དང་ས་གནས་དེ་གའི་དམངས་ཚོགས་སྲུང་སྐྱོབ་དང་སྦྲགས་ས་གནས་དེ་ག་གང་མགྱོགས་རིམས་ནད་ལས་ཐར་ཏེ་རྒྱུན་གཏན་གྱི་འཚོ་བ་སྐྱེལ་རྒྱུར་རོགས་རམ་ཐུབ་རྒྱུ་རེད་ཅེས་བརྗོད་པ་རེད།