《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月15日

ཐོན་ལས་ལ་དམ་འཛིན་བྱས་ནས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བ།

བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་ཐོན་ལས་དབུལ་སྐྱོར་ལས་དོན་ཁག་གི་གཙོ་གནད་དུ་བརྩིས་ནས། ཕན་འབྲས་དོན་གཉེར་ལྟེ་བར་འཛིན་པ་དང་། ཁྲོམ་ར་སྟོན་ཕྱོགས་སུ་འཛིན་པ། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་གཙོ་རྐང་དུ་བྱེད་པ། “རྟེན་གཞི་འཛུགས་སྐྲུན་དང་། གཞི་ཁྱོན་ཆེར་གཏོང་། སྣེ་འདྲེན་ལ་ཤུགས་སྣོན། ཚན་རྩལ་དར་རྒྱས། སྤུས་རྟགས་གསར་གཏོད། ཁྲོམ་ར་རྒྱ་སྐྱེད། བྲིན་ཚོང་ལ་སྐུལ་འདེད། ཕན་འབྲས་ཆེར་གཏོང”བཅས་དམིགས་ཚད་དང་བླང་བྱར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁྱད་ལྡན་གསོ་ཚགས་དང་། དཔལ་འབྱོར་ནགས་ཤིང་འདེབས་འཛུགས། འབྲོག་ཟོག་ལས་སྣོན་བྲིན་ཚོང་བཅས་ཀྱི་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་དམ་འཛིན་ནན་པོ་བྱས་ནས། ཐོན་ལས་འཕེལ་རྒྱས་མང་ཚོགས་ལ་འབབ་འཕར་ཡོང་བའི་འཕར་སྣེ་དང་རྟེན་ས་གསར་པར་ཧུར་ཐག་གྱུར་པར་བྱས་ཡོད། འདི་ནི་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གི་མུའུ་ཁྲིའི་འདྲེ་ཚེར་མའི་ཐོན་ལས་གླིང་གི་ཐོན་སྐྱེད་འཁོར་ཁང་དུ་ས་གནས་དེ་གའི་ཞིང་པས་འདྲེ་ཚེར་མ་ལས་སྣོན་བྱེད་བཞིན་པ།