《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月15日

ཅང་ཤིས་སུ་སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་སྡོད་མལ་ཁོར་ཡུག་ལེགས་སུ་འགྲོ་རྒྱུར་རམ་འདེགས་བྱེད་པ།

ཤིན་ཧྭ་གསར་འགྱུར་ཁང་ནན་ཁྲང་ནས་ཟླ་3ཚེས་13ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཅང་ཤིས་ཞིང་ཆེན་ནགས་ལས་ཅུས་ནས་ཤེས་རྟོགས་བྱུང་བར། གྲོང་ཁྱེར་གྱི་སྡོད་མལ་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་སྟེ། རྒྱལ་ཁབ་ས་ཆ་སྔོ་ལྗང་ཅན་དུ་འགྱུར་བའི་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། 2020ལོའི་ལོ་མཇུག་བར། ཅང་ཤིས་སུ་སྤྱི་གླིང་གི་སྔོ་ལྗང་ཁུལ་སྤྱི་ཆིངས་2482མང་དུ་བཏང་བས་འདེབས་གསོ་བྱས་པའི་ལྗོན་ཤིང་སྣ་ཚོགས་ལས་གྲོང་ཁྱེར་དེ་བས་བདེ་ཐང་དུ་འགྱུར་ཡོད།

བསྡོམས་རྩིས་བྱས་པར་གཞིགས་ན། ཅང་ཤིས་ཀྱིས་འདམ་རའི་སྲུང་སྐྱོང་ཁུལ་ཆུང་656བཙུགས་ཏེ་ཞིང་ཆེན་ཡོངས་ཀྱི་སྲུང་སྐྱོང་ཐོབ་པའི་འདམ་རའི་རྒྱ་ཁྱོན་སྤྱི་ཆིངས་ཁྲི་56.41ཟིན་ཡོད། ཅང་ཤིས་སུ་ཞིང་ཆེན་རིམ་པ་ཡན་གྱི་འདམ་ར་ཁྱོན་109འཛུགས་གཏོད་བྱས་པ་དང་། ཞིང་ཆེན་རིམ་པ་ཡན་གྱི་འདམ་ར་གལ་ཆེན་46ངོས་འཛིན་བྱས་པ། ཅང་ཤིས་ཞིང་ཆེན་ཡོངས་སུ་ནགས་ཚལ་སྤྱི་གླིང་ཁྱོན་182བཙུགས་པ། རྒྱ་ཁྱོན་བསྡོམས་འབོར་སྤྱི་ཆིངས་ཁྲི་52.91ལ་མཆན་བཀོད་བཀའ་ལན་ཐོབ་པ་བཅས་རེད།