《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月15日

པེ་ཅིང་དཔེ་དེབ་མངགས་ཉོའི་འགྲེམས་ ཚོགས་སྐབས་34པ་ཟླ་གསུམ་པའི་ཟླ་མཇུག་ཏུ་འཚོག་རྒྱུ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་13ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གོ་དཔེ་སྐྲུན་མཐུན་ཚོགས་ནས་ཤེས་རྟོགས་བྱས་པར། པེ་ཅིང་དཔེ་དེབ་མངགས་ཉོའི་འགྲེམས་ཚོཌ་སྐབས་34པ་ཟླ་3ཚེས་31ཉིན་པེ་ཅིང་དུ་འཚོག་རྒྱུ་ཡིན་ཞིང་། འགྲེམས་ཚོགས་ནང་ཞུགས་མཁན་དཔེ་སྐྲུན་ཚན་པ་དང་དེ་བཞིན་རིག་གནས་སྒྲིག་གཞི་700ཙམ་གྱིས་དཔེ་དེབ་སྣ་ཁ་ཁྲི་40ཙམ་འགྲེམས་སྟོན་བྱ་རྒྱུ་རེད།

པེ་ཅིང་དཔེ་དེབ་མངགས་ཉོའི་འགྲེམས་ཚོགས་ནི་ཀྲུང་གོ་དཔེ་སྐྲུན་མཐུན་ཚོགས་དང་ཀྲུང་གོ་དཔེ་དེབ་དུས་དེབ་འགྲེམས་སྤེལ་ལས་རིགས་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་ཤིང་། དེ་ནི་ལོ་འཁོར་གཅིག་གི་དཔེ་སྐྲུན་གྲུབ་འབྲས་འགྲེམས་སྟོན་གྱི་སྟེགས་བུ་གལ་ཆེན་ཞིག་ཡིན་པ་དེར་ལས་རིགས་ནང“དཔེ་སྐྲུན་གྱི་སྟོན་ཕྱོགས”ཞེས་འབོད་ཀྱི་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་མངགས་ཉོའི་འགྲེམས་ཚོགས་དེ“ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར། དབུལ་སྒྲོལ་འགག་སྒྲོལ་གྱི་དུས་རབས་ངོ་མཚར་གཏོད། རིག་གནས་ཀྱི་གདེང་ཚོད། དཔེ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བསུ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་དཔེ་དེབ་འགྲེམས་ཁུལ་བཙུགས་ནས་དཔེ་སྐྲུན་ཚན་པ་ཁག་གིས་གཅིག་སྡུད་ཐོག་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་སྤུས་ལེགས་དཔེ་དེབ་ཕྱག་རྟགས་སུ་འབུལ་རྒྱུ་རེད།