《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月15日

ཤིན་ཧྭ་གསར་འགྱུར་ཁང་གིས།

“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་ཚད་ཀྱི་རྩ་གནད་དབང་ཆ་སྤྲད་པ་ལྟར་གཏོང་སྤེལ་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཤིན་ཧྭ་གསར་འགྱུར་ཁང་གིས་ཚེས་12ཉིན《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་ཚད་ཀྱི་རྩ་གནད》ཀྱི་ནང་དོན་ཆ་ཚང་དབང་ཆ་སྤྲད་པ་ལྟར་གཏོང་སྤེལ་བྱས་པ་རེད། ཟླ་3ཚེས་11ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་ཚད་ཀྱི་རྩ་གནད་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱས་པ་དང་། འཆར་འགོད་རྩ་གནད་འདིར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།

རྩ་གནད་དེ“ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པ”དང་། “གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་ཁྱོན་ཡོངས་ནས་གཏོད་པ” “དེང་རབས་ཐོན་ལས་མ་ལག་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་དངོས་ཚན་དཔལ་འབྱོར་གྱི་གཞི་རྩ་བརྟན་དུ་དང་སྟོབས་ཆེར་གཏོང་བ” “རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་ཆགས་པར་བྱས་ནས་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་ཆགས་པར་བྱེད་པ” “གྲངས་འཛིན་ཅན་འཕེལ་རྒྱས་མགྱོགས་སུ་བཏང་ནས་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་བྱེད་པ” “སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པ” “ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ” “གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཐབ་ཇུས་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་འཕེལ་རྒྱས་ཀྱི་སྤུས་ཚད་ལེགས་སུ་གཏོང་བ” “ས་ཁོངས་དཔལ་འབྱོར་གྱི་བཀོད་པ་ལེགས་སུ་བཏང་ནས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ” “སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་བཏང་ནས་རྒྱལ་ཁབ་ཀྱི་རིག་གནས་འཇམ་ཤུགས་ཆེ་རུ་གཏོང་བ” “ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་རྒྱུར་སྐུལ་འདེད་གཏོང་བ” “ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་བྱས་ནས་མཉམ་ལས་གཉིས་ཁེའི་རྣམ་པ་གསར་པ་གཏོད་པ” “རྒྱལ་དམངས་བྱང་ཚད་མཐོ་རུ་བཏང་ནས་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ” “དམངས་འཚོ་དང་བདེ་རྩར་ཤུགས་སྣོན་བརྒྱབ་ནས་མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ” “འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱས་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྱོང་བྱེད་པ” “རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་དམག་དཔུང་སྟོབས་ལྡན་ཆགས་རྒྱུ་གཅིག་གྱུར་ཡོང་བ་བྱེད་པ” “སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཡོངས་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ” “‘རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས’མཐའ་འཁྱོངས་བྱས་ནས་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ” “འཆར་འགོད་ལག་བསྟར་བྱ་རྒྱུ་འགན་ལེན་བྱེད་པར་ཤུགས་སྣོན་རྒྱག་པ”བཅས་ཁག་19ལ་དབྱེ་ཡོད་པ་རེད།