《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月26日

བོད་དུ་5Gལག་རྩལ་གྱི་རྒྱང་བསྟེན་ཚད་བརྒལ་སྒྲ་རླབས་ཀྱི་འཕྲུལ་མིར་བརྟེན་ནས་གྲོང་ཁྱེར་ལ་བསྒྲལ་བའི་ནད་བརྟག་སྨན་བཅོས་མངོན་འགྱུར་བྱུང་བ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། དམིགས་བསལ་གྱི་ནད་བརྟག་སྨན་བཅོས་ཤིག་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་བྱས་ཤིང་། སྨན་པས་རྒྱང་བསྟེན་ཚད་བརྒལ་སྒྲ་རླབས་ཀྱི་འཕྲུལ་མིར་བརྟེན་ནས་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་གི་ནད་པ་ཞིག་ལ་Bཚད་བརྒལ་སྒྲ་རླབས་ཀྱི་ནད་བརྟག་སྨན་བཅོས་གྲུབ་འབྲས་ཐོབ་པའི་སྒོ་ནས་བྱས་པ་དེ་ནི་བོད་དུ་5Gལག་རྩལ་གྱི་རྒྱང་བསྟེན་ཚད་བརྒལ་སྒྲ་རླབས་ཀྱི་འཕྲུལ་མིར་བརྟེན་ནས་གྲོང་ཁྱེར་ལས་བསྒྲལ་བའི་ནད་བརྟག་སྨན་བཅོས་མངོན་འགྱུར་བྱུང་ཐེངས་དང་པོ་རེད།

བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་རྒྱུན་ལས་ཡོན་ཀྲང་གཞོན་པ་ཁྲེན་ཧུའུ་ཡིས། མ་གཞི་ས་གནས་དེ་གའི་སྨན་བཅོས་ཆ་རྐྱེན་ཞན་པས། ནད་པ་གོང་རིམ་སྨན་ཁང་དུ་སྨན་བཅོས་བྱེད་པར་སྒྱུར་བའི་འཆར་གཞི་ཡོད་རུང་། ད་ཆ་རྒྱང་བསྟེན་Bཚད་བརྒལ་སྒྲ་རླབས་ཀྱི་འཕྲུལ་མི་བཀོད་སྒྲིག་བྱས་སྟབས། ནད་བརྟག་སྨན་བཅོས་བྱེད་པའི་དུས་ཚོད་ཉིན་2ནས་ད་ཆའི་སྐར་མ་10བར་ཐུང་དུ་སོང་ནས་སྨན་བཅོས་ཀྱི་ཕན་འབྲས་ཆེ་རུ་ཕྱིན་པ་མ་ཟད། ནད་པའི་སྨན་བཅོས་ཀྱི་ཁུར་པོའང་ཡང་དུ་སོང་ཡོད་ཅེས་བརྗོད།

(ཉི་དོན་གྱིས་སྒྱུར་ཞུས་བྱས)