《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月26日

མེན་སི་ཁེའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་སྐབས་28པ་འགོ་ཚུགས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མེན་སི་ཁེ་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། མེན་སི་ཁེའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་སྐབས་28པ་ཉེ་དུས་བྷེ་ཨུ་རུ་སུའི་རྒྱལ་ས་མེན་སི་ཁེ་རུ་འགོ་ཚུགས་པ་དང་རྒྱལ་ཁབ་20ནས་ཡོང་བའི་དཔེ་སྐྲུན་སྒྲིག་གཞི་280ལྷག་ཙམ་འགྲེམས་སྟོན་ལ་ཞུགས་ཡོད་པ་རེད།

བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོ་ཡིས་དཔེ་དེབ་འགྲེམས་སྟོན་ལ་སྤྲིངས་པའི་ཤིས་ཚིག་ནང་། མེན་སི་ཁེའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་དེ་རྩོམ་པ་པོ་དང་། དཔེ་སྐྲུན་ཚོང་པ། དེ་བཞིན་རྒྱ་ཆེའི་ཀློག་པ་པོ་བཅས་ཀྱི་སྤེལ་རེས་གླེང་སྟེགས་གལ་ཆེན་ཞིག་ཡིན་པས་རྒྱལ་ཁབ་ཁག་གི་མི་དམངས་དབར་མི་ཆོས་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་འགྲོ་རྒྱུར་ཕན་པ་ཡོད་ཅེས་འཁོད་ཡོད་པ་རེད།

བྷེ་ཨུ་རུ་སུའི་ཤར་ཕྱོགས་རིག་རྩལ་དཔེ་སྐྲུན་ཁང་དང་བྷེ་ཨུ་རུ་སུའི་གཞུང་བཙུགས་སློབ་ཆེན་ཁུང་ཙི་སློབ་གླིང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་ཀྲུང་གོའི་འགྲེམས་སྟེགས་ཐོག་བྷེ་ཨུ་རུ་སུའི་ཤར་ཕྱོགས་རིག་རྩལ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་ཀྲུང་གོའི་སྐོར་གྱི་དཔེ་དེབ་དང་བརྙན་པར་སོགས་སྣ་ཚོགས་འགྲེམས་སྟོན་བྱ་རྒྱུ་ཡིན་པ་དང་། བྷེ་ཨུ་རུ་སུའི་གཞུང་བཙུགས་སློབ་ཆེན་ཁུང་ཙི་སློབ་གླིང་གིས་ཉེ་བའི་ལོ་ཤས་རིང་དཔེ་སྐྲུན་བྱས་པའི་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་དང“རྒྱུད་གཅིག་ལམ་གཅིག”སོགས་ལ་ཞིབ་འཇུག་བྱས་པའི་འབྲེལ་ཡོད་དཔེ་དེབ་དང་དེ་བཞིན་བྷེ་ཀྲུང་སྐད་གཉིས་ཚིག་མཛོད་སོགས་འགྲེམས་སྟོན་བྱ་རྒྱུ་རེད།

ཀྲུང་གོར་བཅའ་སྡོད་བྷེ་ཨུ་རུ་སུའི་དེ་སྔའི་གཞུང་ཚབ་ཆེ་མོ་བ་བྷེ་ཨུ་རུ་སུའི་གཞུང་བཙུགས་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཡོན་ཀྲང་ཐོ་ཅི་ཁེ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། དེང་རབས་ཀྲུང་གོ་དང་བྷེ་ཀྲུང་མཉམ་ལས་ལ་ཞིབ་འཇུག་བྱ་རྒྱུ་ནི་བྷེ་ཨུ་རུ་སུའི་གཞུང་བཙུགས་སློབ་ཆེན་ཁུང་ཙི་སློབ་གླིང་གི་ལས་ཀའི་ཁ་ཕྱོགས་གལ་ཆེན་གྱི་གྲས་ཤིག་རེད། བྷེ་ཨུ་རུ་སུའི་གཞུང་བཙུགས་སློབ་ཆེན་ཁུང་ཙི་སློབ་གླིང་གིས་དཔེ་སྐྲུན་བྱས་པའི་འབྲེལ་ཡོད་དཔེ་དེབ་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་རྒྱུས་མངའ་ལོན་ཤུགས་ཆེ་རུ་འགྲོ་རྒྱུར་ཕན་པ་ཐོབ་རེ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།