《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月26日

ཀྲུང་གོ་དང་། ཧྥ་རན་སེ། དབྱི་ཐ་ལི། པར་ཙིར་བཅས་ཀྱི་ལེ་པ་ནོན་དུ་སྐྱོད་མཁན་ཞི་བདེ་སྲུང་སྐྱོང་ཡན་ལག་དཔུང་སྡེས་མཉམ་དུ་ཏོག་གསར་གློ་ཚད་རིམས་ནད་ཕོག་མཁན་ནད་པ་ཛ་དྲག་ངང་བརྒྱུད་སྐྱེལ་གྱི་ནང་སྦྱོང་བྱས་པ།

⇑ འདི་ནི་ཟླ་2ཚེས་23ཉིན་ལེ་པ་ནོན་ལྷོ་རྒྱུད་ཀྱི་ན་པ་ཐེ་ཡེ་ཞིང་ཆེན་མཱ་ཅ་ཡིའུ་གྲོང་རྡལ་པུའུ་ལ་ཐེ་གྲོང་ཚོར་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨན་བཅོས་ཡན་ལག་རུ་ཁག་གིས་ཏོག་གསར་གློ་ཚད་རིམས་ནད་ཚབས་ཆེན་ཕོག་པའི་ནད་པ་རྩིས་སྤྲོད་རྩིས་ལེན་གྱི་ནང་སྦྱོང་བྱེད་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེ་རུ་ཐེ་ནས་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེའི་གཅིག་གྱུར་བཀོད་སྒྲིག་འོག་ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་སྨན་བཅོས་ཡན་ལག་རུ་ཁག་ཁག་19པས་རྒྱལ་ཁབ་མང་པོའི་ཞི་བདེ་སྲུང་སྐྱོང་ཡན་ལག་རུ་ཁག་དང་མཉམ་དུ་འཕྲལ་སྡོམ་སྨན་བཅོས་རོགས་སྐྱོབ་ནང་སྦྱོང་བྱས་པ་རེད།

ནང་སྦྱོང་གི་རྣམ་པ་དེ་ཏོག་གསར་གློ་ཚད་རིམས་ནད་ཚབས་ཆེན་ཕོག་པའི་ནད་པ་ཞིག་ལས་འགན་ཁུལ་གྱི་རྒྱབ་ཕྱོགས་སྨན་ཁང་དུ་ཛ་དྲག་ངང་མྱུར་སྐྱོབ་བརྒྱུད་སྐྱེལ་བྱེད་པར་བཀོད་ཡོད། ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེས་ཀྲུང་གོའི་སྨན་བཅོས་ཡན་ལག་རུ་ཁག་དང་། ཧྥ་རན་སེའི་མཁའ་དབྱིངས་སྨན་བཅོས་རོགས་སྐྱོབ་ཡན་ལག་རུ་ཁག དབྱི་ཐ་ལིའི་ཐད་འཕུར་གནམ་གྲུའི་ཡན་ལག་རུ་ཁག པར་ཙིར་གྱི་ས་ཐོག་ཞབས་འདེགས་འགན་ལེན་ཡན་ལག་རུ་ཁག་བཅས་སྒྲིག་འཛུགས་བྱས་ཏེ་མཉམ་དུ་རོགས་སྐྱོབ་བྱས་པ་དེ་ནི་ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེས་ཏོག་གསར་གློ་ཚད་རིམས་ནད་ཕོག་མཁན་ནད་པར་དམིགས་ནས་སྐམ་མཁའ་མཉམ་འབྲེལ་གྱིས་འཕྲལ་སྡོམ་སྨན་བཅོས་རོགས་སྐྱོབ་ནང་སྦྱོང་བྱེད་ཐེངས་དང་པོ་དེ་ཡིན་པ་རེད།

ནང་སྦྱོང་ཁྲོད་ཀྲུང་གོའི་སྨན་བཅོས་ཡན་ལག་རུ་ཁག་གིས་རྩ་འཛུགས་ཀྱི་ནུས་པ་ནན་པོ་དང་ཉམས་སད་ཐེག་ཐུབ་པའི་དམག་དོན་བྱང་ཚད་དང་ཆེད་ལས་ལག་རྩལ་མངོན་པར་བྱས་པས། ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེའི་ཞིབ་དཔྱད་དང་དཔྱད་དཔོག་ཚོགས་ཆུང་གི་ཁས་ལེན་ཆེན་པོ་ཐོབ་ཡོད་པ་རེད།

ནང་སྦྱོང་བྱས་པ་བརྒྱུད་རིམས་ནད་ཀྱི་རྒྱབ་ལྗོངས་འོག་འཕྲལ་སྡོམ་ཐག་གཅོད་བྱེད་པའི་ཀྲུང་གོའི་སྨན་བཅོས་ཡན་ལག་རུ་ཁག་གི་འཇོན་ཐང་སྔར་བས་ཆེ་རུ་ཕྱིན་པ་དང་། སྐམ་མཁའི་མཉམ་འབྲེལ་རོགས་སྐྱོབ་ཀྱི་ཉམས་མྱོང་གསོག་ཐུབ་པ། སྨན་བཅོས་རོགས་སྐྱོབ་མ་ལག་གི་མཐུན་སྦྱོར་མཉམ་ལས་བྱེད་ཟབ་ཏུ་ཕྱིན་པ་བཅས་བྱུང་བ་རེད།