《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月26日

2020ལོར་རང་རྒྱལ་འདི་ཉིད་གོ་ལ་ཧྲིལ་པོའི་ཚོང་དོན་འཕར་བའི་དཔལ་འབྱོར་དངོས་ཚན་གཙོ་བོ་འབའ་ཞིག་ལ་གྱུར་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་་འབྱོར་གསལ། ཟླ་2ཚེས་24ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས“ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་སུ་བཏང་སྟེ་འཕེལ་རྒྱས་ཀྱི་རྣམ་པ་བཀོད་པ་གཏོད་རྒྱུར་ཞབས་འདེགས་ཞུ་དགོས”ཞེས་པའི་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། ཚོང་དོན་པུའི་འབྲེལ་ཡོད་འགན་འཁུར་བས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད། གསར་འགོད་པའི་དྲི་བར་ཡང་ལན་བརྒྱབ་པ་རེད།

ཚོང་དོན་པུའི་པུའུ་ཀྲང་ཝང་ཝུན་ཐའོ་ཡིས་ངོ་སྤྲོད་བྱས་པར། 2020ལོར་ཚོང་དོན་འཕེལ་རྒྱས་བརྟན་ལ་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་པས་སྔོན་དཔག་ལས་ལེགས་པ་ཡོད། 2020ལོར་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་ཁྲི་32.2ཟིན་ནས་1.9%འཕར་ཡོད། གྲངས་གཞི་དེ་ལས་ནང་དོན་ཕྱོགས་གསུམ་མཚོན་པ་སྟེ། ཕྱོགས་དང་པོ་ནི་གོ་ལ་ཧྲིལ་པོའི་ཚོང་དོན་འཕར་བའི་དཔལ་འབྱོར་དངོས་ཚན་གཙོ་བོ་འབའ་ཞིག་དང་། ཕྱོགས་གཉིས་པ་ནི་ཕྱི་ཕྱོགས་ཚོང་དོན་གྱི་གཞི་ཁྱོན་དང་རྒྱལ་སྤྱིའི་ཐོབ་སྐལ་ཐད་ལོ་རྒྱུས་ཀྱི་མཐོ་ཚད་གསར་པ་བཏོད་པ། ཕྱོགས་གསུམ་པ་ནི་གོ་ལ་ཧྲིལ་པོའི་ཚོང་དོན་རྒྱལ་ཁབ་ཆེ་མོ་དང་པོའི་གནས་བབ་སྔར་བས་བརྟན་དུ་ཕྱིན་པ་བཅས་རེད།