《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月26日

ཅང་སུའུ་ལེན་ཡུན་སྒང་གྲུ་ཁས་ལྗང་མདོག་བགྲོད་ལམ་ཤར་གཏོང་གིས་རླངས་འཁོར་ཕྱིར་གཏོང་ལ་རོགས་རམ་བྱས་པ།

དཔྱིད་གསར་དུས་ཆེན་གྱི་རྗེས་སུ་ལེན་ཡུན་སྒང་གྲུ་ཁ་ནས་རླངས་འཁོར་ཕྱིར་གཏོང་བྱེད་ཚད་རྒྱུན་མཐུད་ངང་མང་དུ་འགྲོ་བ་དང་བསྟུན་ཏེ་གྲུ་ཁས་ཚན་པ་སྐོང་འཐེན་བྱས་ནས་རླངས་འཁོར་སྐྱེལ་འདྲེན་གྱི་ལྗང་མདོག་བགྲོད་ལམ་བཏོད་དེ་ཉིན་མཚན་བལྟོས་མེད་ངང་གྲུ་གཟིངས་ནང་རླངས་འཁོར་བླུགས་ཏེ་ཕྱིར་གཏོང་རླངས་འཁོར་སྐྱེལ་འདྲེན་གྱི་མྱུར་ཚད་མགྱོགས་སུ་བཏང་ཐོག་རྒྱལ་ནང་ནས་ཐོན་སྐྱེད་བྱས་པའི་རླངས་འཁོར་བདེ་འཇགས་ངང་གྲུ་གཟིངས་ནང་བླུགས་ཏེ་ཕྱི་རྒྱལ་དུ་དབོར་ཐུབ་པའི་འགན་ལེན་བྱས་པ་རེད།

འདི་ནི་ཟླ་2ཚེས་23ཉིན་རྒྱལ་ནང་ནས་ཐོན་སྐྱེད་བྱས་པའི་རླངས་འཁོར་1100ལྷག་ཙམ་ཅང་སུའུ་ལེན་ཡུན་སྒང་གྲུ་ཁའི་ཤར་ཕྱོགས་ཀུང་སིའི་གྲུ་ཁའི་གྲུ་གཟིངས་འཇོག་ས་ཨང་69པར་བཞག་ནས་གྲུ་གཟིགས་ནང་བླུགས་ཏེ་སོ་ཏི་ཨ་རབ་ལ་དབོར་རྒྱུའི་གྲ་སྒྲིག་བྱེད་བཞིན་པ།