《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月25日

ཨ་རི་ཡང་བསྐྱར《ཕ་རི་སིའི་གྲོས་ཆོད》 ལ་དངོས་སུ་ཞུགས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝ་ཧྲིང་ཐོན་ནས་གློག་འཕྲིན་འབྱོར་གསལ། ཨ་རིའི་རྒྱལ་དོན་བློན་ཆེན་པུའུ་ལིང་ཁེན་གྱིས་ཉེ་ཆར། ཚེས་19ཉིན་ཨ་རི་ཡང་བསྐྱར《ཕ་རི་སིའི་གྲོས་ཆོད》ལ་དངོས་སུ་ཞུགས་ཡོད་ཅེས་བརྗོད་པ་རེད།

པུའུ་ལིང་ཁེན་གྱིས་ཉིན་དེར་གསལ་བསྒྲགས་ཤིག་སྤེལ་བའི་ནང《ཕ་རི་སིའི་གྲོས་ཆོད》ནི“སྔར་འབྱུང་མྱོང་མེད་པའི་གོ་ལ་ཧྲིལ་པོའི་བྱ་སྤྱོད་ཀྱི་སྒྲོམ་གཞི”ཞིག་རེད། གྲོས་ཆོད་དེས་གནོད་འཚེའི་རང་བཞིན་གྱི་གོ་ལ་ཧྲིལ་པོ་དྲོ་རུ་འགྲོ་བ་ལས་གཡོལ་ཐུབ་རྒྱུར་ཕན་པ་ཐོན་ངེས་ཡིན་པ་མ་ཟད། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ལ་ཁ་གཏད་གཅོག་ནུས་ཆེ་རུ་འགྲོ་ངེས་རེད་ཅེས་བརྗོད་ཡོད་པ་རེད།

ཨ་རིའི་ཙུང་ཐུང་པའེ་ཀྲེན་གྱིས་ཉིན་དེར་མོ་ཉི་ཧེ་ཡི་བདེ་འཇགས་ཚོགས་འདུའི་དྲ་ཐོག་གི་དམིགས་བསལ་ཚོགས་འདུའི་ཐོག་ཁོང་གིས་ཟླ་4ཚེས་22ཉིན་འཚོག་རྒྱུའི་འཛམ་གླིང་གི་ས་གོ་ལའི་ཉིན་མོར་གནམ་གཤིས་དང་འབྲེལ་བ་ཡོད་པའི་གནད་དོན་གྱི་དབུ་ཚོགས་གཙོ་སྐྱོང་བྱས་ནས་ཨ་རི་ཚུད་པའི་དྲོད་ཁང་གི་རླངས་གཟུགས་ཕྱིར་འབུད་གཙོ་བོའི་རྒྱལ་ཁབ་ཀྱིས་བློ་སྟོབས་དེ་བས་ཆེ་བའི་བྱེད་ཐབས་སྤྱོད་རྒྱུའི་སྐུལ་འདེད་གཏོང་གི་ཡིན་ཞེས་གཏམ་བཤད་སྤེལ་ནས་བརྗོད་པ་རེད།

ཟླ་1ཚེས་20ཉིན་པའེ་ཀྲེན་གྱིས་ཙུང་ཐུང་གི་འགན་འཁུར་བའི་ཉིན་དང་པོ་དེར་སྲིད་འཛིན་གྱི་བཀའ་རྒྱར་མིང་རྟགས་བཀོད་དེ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི《ཕ་རི་སིའི་གྲོས་ཆོད》ལ་ཨ་རི་ཡང་བསྐྱར་དངོས་སུ་ཞུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

ཨ་རིའི་ཙུང་ཐུང་ཟུར་པ་ཐེ་རོན་ཕུས་2017ལོའི་ཟླ་6པར་ཨ་རི《ཕ་རི་སིའི་གྲོས་ཆོད》ནས་ཕྱིར་འཐེན་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་ཏེ་གྲོས་ཆོད་དེས་ཨ་རིར“ནོར་སྲིད་དང་དཔལ་འབྱོར་གྱི་ཁུར་པོ”ལྕི་རུ་གཏོང་གི་འདུག་ཅེས་བརྗོད་པ་རེད། 2020ལོའི་ཟླ་11ཚེས་4ཉིན་ཨ་རི་གྲོས་ཆོད་དེ་ནས་དངོས་སུ་ཕྱིར་འཐེན་བྱས་པ་རེད། བྱེད་ཐབས་དེར་ཨ་རིའི་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་ཆེན་པོ་བྱས་ཡོད་པ་རེད།