《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月25日

ཀྲུང་གོའི་འཐུས་མིས་མཉམ་འབྲེལ་རྒྱལ་ཚོགས་ལ་ཧེ་ཐེར་གོ་མི་ཆོད་པའི་གཏོང་ཆ་མི་གཏོང་བའི་འབོད་སྐུལ་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་2ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་གཞོན་པ་ཀེང་ཧྲོང་གིས་ཧེ་ཐེའི་གནད་དོན་ཕྱི་ཕྱོགས་ཀྱི་ཐག་གཅོད་བྱེད་ཐབས་མེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་བསླབ་བྱ་དང་ལེན་དང་དོན་དངོས་ལ་གཞི་ཚུགས་ཏེ་དུས་བབ་ཀྱི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཚོད་སྐོར་བྱེད་པ་དང་། སླད་ཕྱིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཧེ་ཐེར་གནས་པའི་གནད་དོན་ལ་བསམ་གཞིག་ནན་ཏན་བྱས་ཏེ་རྫོགས་རྒྱུ་མེད་ལ་གོ་མི་ཆོད་པའི་གཏོང་ཆ་གཏོང་རྒྱུ་མེད་ཅེས་བརྗོད།

ཀེང་ཧྲོང་གིས་ཉིན་དེར་འཚོགས་པའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཧེ་ཐེའི་གནད་དོན་གྱི་བརྙན་ལམ་ཡོངས་བསྒྲགས་ཚོགས་འདུའི་ཐོག མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དུས་རབས་གོང་མའི་ལོ་རབས་90པ་ནས་བཟུང་། ཧེ་ཐེ་ཉམས་ཉེན་ལས་ཐར་བར་རོགས་རམ་བྱ་ཆེད་ཐོན་ཁུངས་འབོར་ཆེན་བཏང་ཡོད། ཉེ་བའི་ལོ་30ཡི་རིང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཧེ་ཐེའི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ལ་འགྲོ་སོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་80ཙམ་བཏང་ཡོད། གཞན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱི་སྒྲིག་གཞི་དང་རྒྱལ་སྤྱིའི་རོགས་སྐྱོར་ཞལ་འདེབས་རྒྱག་མཁན་རོགས་ཟླ་ཁག་གིས་དུས་ཡུན་རིང་པོའི་ནང་ཧེ་ཐེའི་བརྟན་ལྷིང་སླར་གསོ་དང་། འཕེལ་རྒྱས་མངོན་འགྱུར། འགྲོ་བ་མིའི་ཐོབ་ཐང་འགན་ལེན་བཅས་ལ་རོགས་རམ་བྱ་ཆེད་འབད་བརྩོན་ལྷོད་མེད་བྱས་པ་དང་། རིམ་རྩིས་བརྒྱབ་ན་གཏོང་ཆ་སྣ་ཚོགས་བཏང་བའི་བསྡོམས་འབོར་དེ་ད་ཆའང་གྲངས་ཀ་འབོར་ཆེན་ཞིག་རེད། འོན་ཀྱང་ཡིད་སྐྱོ་དགོས་པ་ཞིག་ལ་གཏོང་ཆ་དེ་དག་ཚང་མ་གཅེས་སྤྲས་དང་གཏོང་མཁས་པོ་བྱས་མེད་པས་དེས་ཐོན་དགོས་ངེས་ཀྱི་ཕན་པ་ཐོན་མེད་ཅེས་བརྗོད།

ཀེང་ཧྲོང་གིས། མིག་སྔའི་ཧེ་ཐེའི་ཆབ་སྲིད་འཕེལ་མེད་དུ་ལུས་པ་དང་། བདེ་འཇགས་ཀྱི་དུས་བབ་ཇེ་སྡུག་ཏུ་འགྲོ་བ། ཏོག་གསར་རིམས་ནད་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་དཀའ་གནད་གཅིག་ཐོག་གཅིག་བརྩེགས་དང་གཏུམ་སྤྱོད་ཉེས་གསོག་དང་སྤྱི་ཚོགས་ཟང་ཟིང་གི་རྒྱུ་རྐྱེན་གཉིས་ཀ་གནས་པས། དམངས་ཚོགས་དཀྱུས་མར་སྡུག་བསྔལ་ཚད་མེད་ཕྲད་ཡོད། ཧེ་ཐེར་སྔར་བཞིན་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། མི་ཆོས་བཅས་ཕྱོགས་མང་པོའི་ཐད་ཀྱི་ཉམས་ཉེན་འཕྲད་བཞིན་ཡོད་པས་ཧེ་ཐེའི་མི་དམངས་ཚོས་རང་ཉིད་ཀྱི་འབྱུང་འགྱུར་ཡག་ཉེས་ཇི་ཡོང་ཧ་ལམ་ཤེས་ཀྱི་མེད། ཧེ་ཐེ་སྲིད་གཞུང་དང་ཧེ་ཐེའི་འགོ་ཁྲིད་མི་སྣས་མིག་སྔའི་བློ་ཕམ་དང་འུ་ཐུག་གི་རྣམ་པར་འགན་གཙོ་བོ་འཁུར་དགོས་ཀྱི་ཡོད། དུས་ཡུན་རིང་པོའི་ནང་ཧེ་ཐེའི་ཆབ་སྲིད་ཤོག་ཁག་དབར་འཐབ་རྩོད་རྒྱུན་མི་ཆད་པ་དང་། ཆབ་སྲིད་མི་སྣས་ལས་དོན་གང་ཡང་སྒྲུབ་མེད་པ། དབང་ཆ་གང་བྱུང་དུ་སྤྱད་པ་དང་རུལ་སུངས་བཀག་ཀྱང་མི་ཁོག་པ་ལས་རྒྱལ་ཁབ་བཅོས་སྐྱོང་ཧ་ལམ་ཕམ་ཉེས་སུ་གྱུར་ཡོད་ཅེས་བརྗོད།

ཀེང་ཧྲོང་གིས། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ནས་ཧེ་ཐེའི་མི་དམངས་ལ་རོགས་རམ་བྱ་ཆེད་ལེགས་སྐྱེས་ཕུལ་བ་དང་བྱས་རྗེས་བཞག་པར་བསྔགས་བརྗོད་བྱེད་ཀྱི་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཧེ་ཐེ་དོན་གཅོད་ཁང་གིས་མུ་མཐུད་བར་འདུམ་བྱེད་པར་རྒྱབ་སྐྱོར་བྱས་ནས་ཧེ་ཐེའི་ཆབ་སྲིད་ཐད་སྐད་ཆ་ཤོད་རེས་ལ་སྐུལ་འདེད་གཏོང་བ་དང་བདེ་བླག་ངང་འདེམས་བསྐོ་བྱ་ཆེད་འབད་བརྩོན་ཡང་བྱེད་ཀྱི་ཡིན། དེ་དང་དུས་མཚུངས་ལོ་མང་རིང་གི་ཉམས་མྱོང་དང་བསླབ་བྱ་ལས། ཧེ་ཐེའི་ཆབ་སྲིད་ཤོག་ཁག་ཁག་གིས་འགན་འཁྲི་ཁུར་ནས་ཆབ་སྲིད་ཀྱི་འདོད་མོས་མངོན་པར་བྱས་ཏེ་ཐུན་མོང་ཐོག་རྒྱལ་ཁབ་བརྟན་ལྷིང་དང་འཕེལ་རྒྱས་ཡོང་བར་གཞོལ་ན་མ་གཏོགས་ཕྱི་ཕྱོགས་ཀྱི་འབད་བརྩོན་དང་རོགས་རམ་གང་འདྲ་ཞིག་གིས་ཀྱང་ཕན་ཐོགས་ཡོང་མི་སྲིད་ཅེས་བརྗོད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། བསྟན་འཛིན་བློ་གྲོས་ཀྱིས་ཞུས)