《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月25日

ཉིང་ཞས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཁུར་པོ་ཡང་དུ་ གཏོང་རྒྱུའི“དོན་ཚན་བཅུ”བཏོན་པ།

འདི་ག་ཚགས་པར་ཁང་དུ་དབྱིན་ཁྲོན་ནས་ཟླ་2ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཀྱིས《སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་ཞིབ་ཕྲའི་བྱ་ཐབས》བཀྲམ་པའི་ནང་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི“དོན་ཚན་བཅུ”གཏན་འབེབས་ཁ་གསལ་བྱས་ཡོད། སློབ་གྲྭ་འབྲིང་ཆུང་ལ་ལྟ་སྐུལ་དང་། ཞིབ་བཤེར། དཔྱད་བསྡུར། དཔྱད་ཞིབ་བཅས་བྱེད་པའི་གསལ་ཐོ་བཟོས་ཏེ། ད་ཡོད་ཀྱི་སློབ་གྲྭ་འབྲིང་ཆུང་དང་དེའི་དགེ་རྒན་དང་འབྲེལ་བ་ཡོད་པའི་ལྟ་སྐུལ་དང་། ཞིབ་བཤེར། དཔྱད་བསྡུར། དཔྱད་ཞིབ་བཅས་ཀྱི་དོན་ཚན་ཕྱོགས་ཡོངས་ནས་གཙང་སེལ་དང་ཁུ་བསྡུ་བྱེད་པ་དང་། ཡོད་མེད་ཁྱད་པར་དེ་ཙམ་མེད་པའི་དོན་ཚན་ཁག་མཐའ་གཅིག་ཏུ་མེད་པ་བཟོ་བ། སློབ་གྲྭ་འབྲིང་ཆུང་ལ་ལྟ་སྐུལ་དང་། ཞིབ་བཤེར། དཔྱད་བསྡུར། དཔྱད་ཞིབ་བཅས་བྱེད་པའི་ཚན་རིག་དང་མཐུན་ལ་ནུས་པའང་ལྡན་པའི་གསལ་ཐོ་བཟོ་བ་བཅས་བྱས་ནས་སློབ་གྲྭ་འབྲིང་ཆུང་དང་དེའི་དགེ་རྒན་ལ་ལྟ་སྐུལ་དང་། ཞིབ་བཤེར། དཔྱད་བསྡུར། དཔྱད་ཞིབ་བཅས་བྱེད་པའི་ལས་དོན་དག་ད་ཡོད་ཀྱི་རྨང་གཞིའི་ཐོག་50%ཡན་ཉུང་དུ་འགྲོ་བའི་འགན་ལེན་བྱས་ཡོད།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) ཉིང་ཞས་ལྟ་སྐུལ་དང་། ཞིབ་བཤེར། དཔྱད་བསྡུར། དཔྱད་ཞིབ་བཅས་བྱེད་པའི་ཚད་གཞི་དང་དེ་བཞིན་དེའི་བརྒྱུད་རིམ་ཚད་ལྡན་ངང་ཉུང་དུ་བཏང་བ་བརྒྱུད། སློབ་གྲྭ་འབྲིང་ཆུང་དང་དེའི་དགེ་རྒན་གྱི་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་དགོས་མེད་ཀྱི་ལྷུ་ཚིགས་དང་རེའུ་མིག་དང་གྲངས་གཞིའི་དཔྱད་གཞི་ཞིབ་བཤེར་བྱེད་ཉུང་དུ་གཏོང་རྒྱུ་རེད། སྐད་འཕྲིན་གྱི་ལས་ཀའི་ཚོགས་པ་སོགས་ནང་ལས་ཀའི་རྣམ་པ་པར་ལེན་ནམ་ཡང་ན་བརྙན་ལམ་ཕབ་ལེན་སོགས་བརྒྱུད་གཏོང་བྱས་ནས་ལས་དོན་དངོས་ཀྱི་ཚབ་བྱས་ཏེ་གདེང་འཇོག་བྱེད་མི་རུང་བའི་བླང་བྱ་བཏོན་ཡོད། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ལས་གནས་ཐོབ་ཐང་དཔྱད་ཞིབ་དང་། ལོ་འཁོར་གྱི་དཔྱད་ཞིབ། ལེགས་འདེམས་དང་སྔོན་ཐོན་འདེམས་པ། ཆེད་ལས་ལག་རྩལ་འགྲན་བསྡུར་བྱེད་པ་སོགས་ལས། ཚད་གཞི་རང་དགར་མཐོ་རུ་གཏོང་བ་དང་རྙོག་འཛིང་ཆེ་བའི་དཔྱད་ཞིབ་གོ་རིམ་རང་དགར་བཟོ་མི་ཆོག རྒྱུགས་སྤྲོད་སྐར་གྲངས་དང་། སློབ་རིམ་འཕར་ཚད། སློབ་རྒྱུས། དཔྱད་རྩོམ། བྱ་དགའ་བཅས་གཅིག་རྐྱང་རང་བཞིན་གྱི་གདེང་འཇོག་དམིགས་ཚད་དུ་འཛིན་མི་རུང་། དེ་དང་དུས་མཚུངས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་སློབ་གསོ་སློབ་ཁྲིད་དང་འབྲེལ་བ་མེད་པས་ལས་དོན་སྤེལ་བར་རང་དགར་བཀོད་སྒྲིག་བྱེད་མི་རུང་བའི་གཏན་འབེབས་བྱས་པ་རེད།