《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月25日

རྒྱལ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་1936ཐ་སྐྱོང་བྱེད་དགོས་རིགས་ཚང་མར་ཐ་སྐྱོང་ཐུབ་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ཁྲང་ཡུས།

● ལོ་ཧྲིལ་པོར་གཙོ་གནད་ཐོག་མི་འབོར་དབུལ་པོ་ཁྲི་361གྲལ་བཤེར་ཐུབ་པ་དང་། མི་ཁྲི་109ཐ་སྐྱོང་འགན་ལེན་ནང་གསར་དུ་བཅུག་པ། རྒྱལ་ཡོངས་ནས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་1936མ་མཐའི་འཚོ་བ་འགན་ལེན་ནམ་ཡང་ན་དམིགས་བསལ་དཀའ་ངལ་ཡོད་པའི་གཅིག་སྡུད་བསྙེན་བཀུར་ཁྱབ་ཁོངས་སུ་བཅུག་པས་ཐ་སྐྱོང་བྱེད་དགོས་རིགས་ཚང་མར་ཐ་སྐྱོང་ཐུབ་ཡོད།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་མི་ཁྲི་4426.8ཡོད་པ་དང་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་དུས་མཚུངས་ལས་8.6%དང་11.7%མཐོ་རུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་ཁྲི་477.7ཡོད་པ་དང་གཞི་རྩའི་འཚོ་བའི་ཚད་གཞི་དུས་མཚུངས་ལས་9.2%དང་12.2%མཐོ་རུ་ཕྱིན་ཡོད།

ཟླ་2ཚེས་23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་དམངས་སྲིད་བྱ་གཞག་སྒྱུར་བཅོས་དང་འཕེལ་རྒྱས་གནས་ཚུལ་གྱི་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། དམངས་སྲིད་པུའི་པུའུ་ཀྲང་ལི་ཅི་ཧེང་དང་། པུའུ་ཀྲང་གཞོན་པ་ཐང་ཁྲེང་ཕེ་དང་། ཀའོ་ཞའོ་པིང་། ཝང་ཨའེ་ཝུན། ཀྲན་ཁྲེང་ཧྥུའུ་བཅས་ཀྱིས་དམངས་སྲིད་བྱ་གཞག་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ། གསར་འགོད་པའི་དྲི་བར་ལན་བརྒྱབ་པ་རེད།

དབུལ་སྒྲོལ་འགག་སྒྲོལ་གྱི་ཐ་སྐྱོང་འགན་ལེན་གྱི་གྲུབ་འབྲས་མངོན་གསལ་དོད་ཅིང་། སྤྱི་ཚོགས་རོགས་སྐྱོབ་ཀྱི་ཐ་སྐྱོང་དབུལ་སྒྲོལ་གྱི་བྱ་སྤྱོད་ལག་ལེན་བསྟར་བ་དང་ཕྱོགས་ཡོངས་ནས་གྲལ་བཤེར་དང་ལྟ་ཞིབ་ཚད་ལེན་བྱས་ཏེ་ལོ་ཧྲིལ་པོར་གཙོ་གནད་ཐོག་མི་འབོར་དབུལ་པོ་ཁྲི་361གྲལ་བཤེར་ཐུབ་པ་དང་། མི་ཁྲི་109ཐ་སྐྱོང་འགན་ལེན་ནང་གསར་དུ་བཅུག་པ། རྒྱལ་ཡོངས་ནས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་1936མ་མཐའི་འཚོ་བ་འགན་ལེན་ནམ་ཡང་ན་དམིགས་བསལ་དཀའ་ངལ་ཡོད་པའི་གཅིག་སྡུད་བསྙེན་བཀུར་ཁྱབ་ཁོངས་སུ་བཅུག་པས་ཐ་སྐྱོང་བྱེད་དགོས་རིགས་ཚང་མར་ཐ་སྐྱོང་ཐུབ་ཡོད།

གཞི་རྩའི་དམངས་འཚོ་འགན་ལེན་གྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་མི་ཁྲི་4426.8ཡོད་པ་དང་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་དུས་མཚུངས་ལས་8.6%དང་11.7%མཐོ་རུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་ཁྲི་477.7ཡོད་པ་དང་གཞི་རྩའི་འཚོ་བའི་ཚད་གཞི་དུས་མཚུངས་ལས་9.2%དང་12.2%མཐོ་རུ་ཕྱིན་ཡོད། དངོས་སུ་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ་ཁྲི་25.4རྒྱལ་ཁབ་ཀྱི་འགན་ལེན་ནང་ཐོག་མར་བཅུག་ཡོད། དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་བདག་སྐྱོང་ཁ་གསབ་ཀྱིས་མི་ཁྲི་1212.6དང་མི་ཁྲི་1473.8ལ་ཕན་པ་ཐོབ་ཡོད།

རྒན་གསོའི་ཞབས་ཞུའི་མ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་ཕྱིན་ཞིང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་སྔ་རྗེས་སུ་ས་ཁུལ་203ལ་མ་དངུལ་སྒོར་དུང་ཕྱུར་50བཏང་ནས་ཁྱིམ་དང་སྡེ་ཁུལ་དུ་རྒན་གསོའི་ཞབས་ཞུ་སྒྱུར་བཅོས་ཚོད་ལྟ་བྱས་ཏེ་རང་རང་ཁྱད་ཆོས་ལྡན་པའི་ཁུལ་ཁོངས་ཀྱི་རྒན་གསོ་བྱེད་སྟངས་ཤིག་བཏོད་ཡོད། སྒྲིག་གཞིའི་རྒན་གསོའི་ཉལ་ཁྲི་རྒྱུན་མཐུད་ངང་མང་དུ་བཏང་བ་དང་བསྙེན་བཀུར་ཁང་སྒྱུར་བཀོད་རིམ་སྤོར་གྱི་འདུ་འགོད་ལག་ལེན་བསྟར་ཏེ་ཞབས་ཞུ་འགན་ལེན་གྱི་ནུས་པ་ཆེ་རུ་བཏང་ཡོད། 2020ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་རྒན་གསོའི་སྒྲིག་གཞི་ཁྲི་3.8ཡོད་པ་དེ་དུས་མཚུངས་ལས་10.4%འཕར་བ་དང་2015ལོའི་ལོ་མཇུག་ལས་37.2%འཕར་ཡོད། རིགས་ཁག་གི་སྒྲིག་གཞི་དང་སྡེ་ཁུལ་གྱི་རྒན་གསོའི་ཉལ་ཁྲི་ཁྲི་823.8ཡོད་པ་དེ་དུས་མཚུངས་ལས་7.3%འཕར་བ་དང་2015ལོའི་ལོ་མཇུག་ལས་22.5%འཕར་ཡོད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། བསྟན་འཛིན་བློ་གྲོས་ཀྱིས་ཞུས)