《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月25日

དུས་ཆེན་བཏང་རྗེས་ལས་འགོ་བསྐྱར་འཛུགས་ལས་ལ་བྲེལ།

ཀྲང་ཅི་ཧུའེ་མྱུར་བགྲོད་ལྕགས་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་246.6ཟིན་པ་དང་2021ལོར་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་རེ་ཡོད་པ་རེད། དཔྱིད་གསར་དུས་ཆེན་གྱི་ངལ་གསོ་མཇུག་འགྲིལ་རྗེས་ཧུའུ་ནན་ཞིང་ཆེན་ཤང་ཤིས་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ཡི་རྣམ་གྲངས་ཁག་གི་ཨར་ལས་བྱ་ཡུལ་གཅིག་རྗེས་གཉིས་མཐུད་ངང་ལས་འགོ་བསྐྱར་འཛུགས་བྱས་ཤིང་། འདི་ནི་ཟླ་2ཚེས་23ཉིན་བཟོ་པས་ཀྲང་ཅི་ཧུའེ་མྱུར་བགྲོད་ལྕགས་ལམ་ཧུའུ་ནན་ཞིང་ཆེན་ཤང་ཤིས་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ཅི་ཧྲོ་བབས་ཚུགས་ཤར་མའི་རྣམ་གྲངས་ཀྱི་ཨར་ལས་བྱ་ཡུལ་དུ་ལས་ཀ་བྱེད་བཞིན་པ།