《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月25日

རང་རྒྱལ་གྱི་པོ་ཧའེ་རྒྱ་མཚོ་ནས་ཏུན་དུང་ཕྱུར་རིམ་པའི་སྣུམ་རླངས་ བཙལ་བརྙེད་ཐུབ་པ།

ཟླ་2ཚེས་22ཉིན་ཀྲུང་གོ་རྒྱ་མཚོའི་རྡོ་སྣུམ་ཚོགས་པ་ཚད་ཡོད་ཀུང་སིས་ཡོངས་བསྒྲགས་བྱས་པར། རང་རྒྱལ་གྱི་པོ་ཧའེ་རྒྱ་མཚོ་ནས་སྣུམ་རླངས་ཆེ་གྲས་—པོ་ཀྲུང་13-2སྣུམ་རླངས་ཞིང་ཁ་སླར་ཡང་བཙལ་བརྙེད་ཐུབ་པ་དང་། ས་གཤིས་གསོག་ཚད་ཏུན་དུང་ཕྱུར་རིམ་པའི་སྣུམ་རླངས་འཚམ་ཚད་རྩད་ཆོད་ནས་རང་རྒྱལ་གྱི་མཚོ་ཐོག་སྣུམ་རླངས་ཀྱི་ཐོན་ཁུངས་གསོག་ཚད་ཀྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་པ་དེས་མཚོ་ཐོག་སྣུམ་རླངས་ཞིང་ཁའི་ཐོན་འབབ་བརྟན་པོ་དང་རྒྱལ་ཁབ་ཀྱི་ནུས་རྒྱུ་བདེ་འཇགས་འགན་ལེན་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད། འདི་ནི་ཉེ་ཆར་པར་དུ་བླངས་པའི་པོ་ཧའེ་དང་ཀྲུང་གོའི་13-2སྣུམ་རླངས་ཞིང་ཁ་ཡིན་པ།