《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月22日

ན་ནིང་རང་རྒྱལ་གྱི“ཞིང་གསུམ”དངུལ་ བུན་ལྷག་གྲངས་དུས་མཚུངས་ལས་ 10.7%འཕར་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་གསལ། 2020ལོའི་ལོ་མཇུག་ཏུ་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་38.95ཟིན་པ་དེ་དུས་མཚུངས་ལས་10.7%འཕར་བ་དང་། འཕར་ཚད་དུས་ཚིགས་གསུམ་པའི་དུས་མཇུག་ལས་བརྒྱ་ཆའི་གྲངས་0.4ཡིས་དམའ་བ་དང་། ལོ་གོང་མའི་ལོ་མཇུག་ལས་བརྒྱ་ཆའི་གྲངས་3གྱིས་མཐོ་བ་ཡོད། ལོ་ཧྲིལ་པོར་སྒོར་དུང་ཕྱུར་ཁྲི་3.94འཕར་བ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་ཁྲི་1.26འཕར་ཡོད།

ཀྲུང་གོ་མི་དམངས་དངུལ་ཁང་གིས་ཡོངས་བསྒྲགས་བྱས་པའི་2020ལོའི་དངུལ་རྩའི་སྒྲིག་གཞིའི་དངུལ་བུན་གཏོང་ཕྱོགས་བསྡོམས་རྩིས་སྙན་ཞུ་གཞིར་བཟུང་། 2020ལོའི་ལོ་མཇུག་ཏུ་གྲོང་གསེབ(རྫོང་དང་རྫོང་མན)ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་32.27ཟིན་པ་དེ་དུས་མཚུངས་ལས་11.9%འཕར་བ་དང་། འཕར་ཚད་དུས་ཚིགས་གསུམ་པའི་དུས་མཇུག་ལས་བརྒྱ་ཆའི་གྲངས་0.4ཡིས་དམའ་བ་དང་ལོ་གོང་མའི་ལོ་མཇུག་ལས་བརྒྱ་ཆའི་གྲངས་3.6གིས་མཐོ་བ་ཡོད་པ་དང་། ལོ་ཧྲིལ་པོར་སྒོར་དུང་ཕྱུར་ཁྲི་3.55འཕར་བ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་ཁྲི་1.2འཕར་བ། ཞིང་དུད་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་11.81ཟིན་པ་དེ་དུས་མཚུངས་ལས་14.2%འཕར་བ་དང་། འཕར་ཚད་དུས་ཚིགས་གསུམ་པའི་དུས་མཇུག་ལས་བརྒྱ་ཆའི་གྲངས་0.3གྱིས་དམའ་བ་དང་ལོ་གོང་མའི་ལོ་མཇུག་ལས་བརྒྱ་ཆའི་གྲངས་2.1གིས་མཐོ་བ་ཡོད་ལ། ལོ་ཧྲིལ་པོར་སྒོར་དུང་ཕྱུར་ཁྲི་1.51འཕར་བ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་3213འཕར་བ། ཞིང་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་4.27ཟིན་པ་དེ་དུས་མཚུངས་ལས་7.5%འཕར་བ་དང་། འཕར་ཚད་དུས་ཚིགས་གསུམ་པའི་དུས་མཇུག་ལས་བརྒྱ་ཆའི་གྲངས་0.1གིས་དམའ་བ་དང་ལོ་གོང་མའི་ལོ་མཇུག་ལས་བརྒྱ་ཆའི་གྲངས་6.8ཀྱིས་མཐོ་བ་ཡོད་ལ། ལོ་ཧྲིལ་པོར་སྒོར་དུང་ཕྱུར་3295འཕར་བ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་2580འཕར་ཡོད།