《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月09日

བོད་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་2ཚེས་4ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་2ཉིན་འཚོགས་པའི་ཀྲུང་གོའི་བོད་ལྗོངས་ཀྱི“ཧི་མ་ལ་ཡའི་མཐའ་སྐོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་དྲ་ཐོག་བགྲོ་གླེང་ཚོགས་འདུའི་བོད་ཀྱི་ཚོགས་ར་གཙོ་བོ་ནས་ཤེས་རྟོགས་བྱུང་གསལ། རིམ་ཁག་སྲིད་གཞུང་དང་མི་དམངས་མང་ཚོགས་ཀྱིས་མཐོང་ཆེན་དང་། རྒྱབ་སྐྱོར། འབད་བརྩོན་བཅས་བརྒྱུད། བོད་ཀྱི་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱིས་ཆེས་ནན་པའི་སྐྱེ་ཁམས་སྲུང་སྐྱོང་སྲིད་ཇུས་ལག་ལེན་བསྟར་ནས། ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་50%ཙམ་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནང་བཅུག་པས་ས་མཐོའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཁག་གཅིག་གི་ཁྱུ་ཚོགས་ཀྱི་གྲངས་འབོར་ཡང་མངོན་གསལ་དོད་པོས་སླར་གསོ་བྱུང་ཡོད། མིག་སྔའི་བར་བོད་དུ་འབྲོང་གི་གྲངས་འབོར་ཁྲི་4ཟིན་པ་དེ་2003ལོ་ལས་ཁྲི་2.5ཙམ་འཕར་བ་དང་། གཙོད་ཀྱི་གྲངས་འབོར་ཁྲི་8ནས་ཁྲི་20ལྷག་ཙམ་བར་འཕར་བ། རྐྱང་གི་གྲངས་འབོར་ཁྲི་5ནས་ཁྲི་9ཙམ་བར་འཕར་བ། རྩ་ཆེའི་རི་སྐྱེས་སྲོག་ཆགས་རིགས་5གསར་དུ་རྙེད་པ། དེ་སྔ་སྟོང་ཉེར་ཡོད་པའི་བོད་ཀྱི་ཤ་བ་སེར་ཆེན་ཁྲི་1ལྷག་ཙམ་ཟིན་པ། དྲེད་མོང་དང་། སྤྱང་ཀི སྦྲེ་སོགས་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་ཡང་མངོན་གསལ་དོད་པོས་འཕར་ཡོད།

བོད་ལྗོངས་སློབ་ཆེན་སྐྱེ་ཁམས་རིག་པའི་དགེ་རྒན་ཆེ་མོ་བ་སྐྱེ་ཁམས་རིག་ཚན་གྱི་སྣེ་ཁྲིད་པ་ལྷག་ཆུང་གིས། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གིས་མཚོ་བོད་ས་མཐོའི་རི་སྐྱེས་སྐྱེ་དངོས་སྣ་མང་རང་བཞིན་ལ་ཤུགས་རྐྱེན་ངན་པ་བཟོས་པར་ཁ་གཏད་གཅོག་ཆེད། 2007ལོ་ནས་2017ལོ་བར“མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་དང་འདུས་རྡུལ་འཕེལ་འགྱུར་སློབ་གསོ་པུའི་གསར་གཏོད་ཚོགས་པས”བོད་དུ་རྩི་ཤིང་རིགས་སྟོང་ཕྲག་གི་ས་བོན་ཁྲི་4000འཚོལ་བསྡུ་བྱས་ནས། རྒྱུད་འཛིན་ཐོན་ཁུངས་མཛོད་དུ་བོད་ཀྱི་ས་བོན་དཀོན་པའི་སྟོང་ཆ་བསྐངས་ཏེ་མིའི་རིགས་ལ་མི་རབས་རྗེས་མར་རྒྱུན་མཐུད་པའི“རྒྱུད་གཞིའི་མཆོག་མཛོད”གསོག་འཇོག་བྱས་ཡོད། གཞན་ཡང་བོད་དུ་བསྐྲུན་པའི་རྒྱུད་འཛིན་ཐོན་ཁུངས་མཛོད་དང་པོར་གཞི་ཁྱོན་རགས་ཙམ་ཆགས་པ་དང་། མིག་སྔར་དེར་བོད་ཀྱི་རི་སྐྱེས་སྐྱེ་དངོས་ཀྱི་རྒྱུད་འཛིན་ཐོན་ཁུངས་ཀྱི་དངོས་དཔེ་388དང་རྒྱུད་འཛིན་ཐོན་ཁུངས་3877གསོག་འཇོག་བྱས་ཡོད་པ་རེད།

(མཚམས་གཅོད་ཀྱིས་བསྒྱུར། ཉི་དོན་གྱིས་ཞུས)