《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月09日

པར་རིས་གསར་འགྱུར།

རྡོ་སོལ་དོས་སྒམ་བླུགས་པའི་ཀྲུང་མོང་རྒྱལ་སྤྱིའི་དུས་གཏན་མེ་འཁོར་ཧོ་པེ་རུ་འབྱོར་བ།

⇑ ཟླ་2ཚེས་4ཉིན་མོང་གོལ་རྒྱལ་ཁབ་ཀྱི་ནང་འདྲེན་རྡོ་སོལ་དོས་སྒམ་100བླུགས་པའི་དུས་གཏན་མེ་འཁོར་ཐང་ཧྲན་གྲུ་ཁའི་ཚའོ་ཧྥེ་ཏན་གྲུ་ཁར་འབྱོར་ཞིང་། འདི་ནི་ཚའོ་ཧྥེ་ཏན་གྲུ་ཁར་ཀྲུང་མོང་རྒྱལ་སྤྱིའི་དངོས་ཟོག་སྐྱེལ་འདྲེན་གྱི་དུས་གཏན་མེ་འཁོར་ཤར་གཏོང་ཐུབ་རྗེས་བཏང་བའི་ཀྲུང་མོང་རྡོ་སོལ་དོས་སྒམ་བླུགས་པའི་ཚུར་ལོག་དུས་གཏན་མེ་འཁོར་དང་པོ་དེ་རེད། དེ་ཐོག་ནས་མོང་གོལ་རྒྱལ་ཁབ་ཀྱི་དངོས་ཟོག་ཕྱིར་གཏོང་བྱེད་པའི་གྲུ་ཁ་གསར་པ་ཡིན་པའི་ཚའོ་ཧྥེ་ཏན་གྲུ་ཁའི་གནས་བབ་དེ་བས་བརྟན་དུ་ཕྱིན་པ་མཚོན་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་རྡོ་སོལ་དོས་སྒམ་བླུགས་པའི་དུས་གཏན་མེ་འཁོར་ནང་ཁྱོན་མོང་གོལ་རྒྱལ་ཁབ་ཀྱི་ནང་འདྲེན་རྡོ་སོལ་བསྲེགས་མ་ཏུན་3200བླུགས་ཡོད། དེ་མོང་གོལ་རྒྱལ་ཁབ་ཆའོ་དབྱིར་བབས་ཚུགས་ནས་ཐོན་ཏེ་ཨར་ལན་ཧའོ་ཐེ་འགག་སྒོར་དོས་སྒམ་བརྗེས་རྗེས་ཐང་ཧྲན་གྲུ་ཁ་ཚའོ་ཧྥེ་ཏན་གྲུ་ཁར་ཐད་ཀར་འབྱོར་ཡོད།

འདི་ནི་མོང་གོལ་རྒྱལ་ཁབ་ཀྱི་ནང་འདྲེན་རྡོ་སོལ་དོས་སྒམ་100བླུགས་པའི་དུས་གཏན་མེ་འཁོར་ཐང་ཧྲན་གྲུ་ཁ་ཚའོ་ཧྥེ་ཏན་གྲུ་ཁའི་སྤྱི་སྤྱོད་གྲུ་ཁའི་བབས་ཚུགས་ནས་སྐྱོད་བཞིན་པ།

ཁ་ན་ཏར་ཟླ་བ་དང་པོར་ལས་ཀ་ཤོར་ ཚད་9.4%བར་ མཐོ་རུ་སོང་བ།

⇐ ཁ་ན་ཏ་བསྡོམས་རྩིས་ཅུས་ཀྱིས་ཚེས་5ཉིན་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། “གྲོང་ཁྱེར་བཀག་སྡོམ”སོགས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤུགས་རྐྱེན་ཕོག་པའི་དབང་གིས་ཁ་ན་ཏར་ཟླ་དང་པོར་ལས་ཀ་ཤོར་ཚད་བརྒྱ་ཆའི་གྲངས་0.6ནས་9.4%བར་མཐོ་རུ་སོང་ནས་ན་ནིང་གི་ཟླ་བ་བརྒྱད་པ་ནས་བཟུང་གི་ལས་ཀ་ཤོར་ཚད་མཐོ་ཤོས་ཀྱི་ཟླ་བར་འགྱུར་ཡོད་ཅིང་། འདི་ནི་ཉེ་དུས་བཟོ་པ་ཞིག་གིས་ཁ་ན་ཏའི་ཝུན་ཀོ་ཧྭའི་ཁྲོམ་གཞུང་གི་འཇིམ་བརྙན་ཞིག་ཐོག་བསྡད་དེ་དགུང་ཟས་ཟ་བཞིན་པ།

ཕྱི་སྦྱོང་སློབ་མ་ཚོས་ཀྲུང་གོའི་ལོ་གསར་གཏོང་བ།

⇑ 2021ལོའི་ཟླ་2ཚེས་4ཉིན་ནི་ལུགས་རྙིང་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཡིན་ཞིང་། ཐེན་ཅིན་སློབ་ཆེན་རྒྱལ་སྤྱིའི་སློབ་གསོ་སློབ་གླིང་གིས“ཀྲུང་གོའི་སྲོལ་རྒྱུན་རིག་གནས་བྱེད་སྒོ”གཉེར་བ་དང་རྒྱལ་ཁབ་19ཡི་ཕྱི་སྦྱོང་སློབ་མའི་འཐུས་མིས་དགའ་སྤྲོ་མཉམ་འཛོམས་བྱས་ནས་རིག་གནས་མཁས་དབང་དང་ཡིག་གཟུགས་མཁས་ཅན་གྱི་སློབ་ཁྲིད་འོག་དཔྱིད་གསར་དུས་ཆེན་གྱི་གོམས་སྲོལ་སྦྱོང་བ་དང་། ཆ་ཡིག་འབྲི་བ། མེ་ཏོག་བྲེག་པ་བཅས་བྱས་ནས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་མྱོང་རོལ་བྱས་པ་རེད།

འདི་ནི་ཐེན་ཅིན་སློབ་ཆེན་གྱི་ཕྱི་སྦྱོང་སློབ་མས“ཀྲུང་གོའི་སྲོལ་རྒྱུན་རིག་གནས་བྱེད་སྒོའི”ཐོག་རང་ཉིད་ཀྱིས་བྲེག་པའི་བརྩམས་ཆོས་སྟོན་བཞིན་པ།

ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱིས་གོ་ལ་ཧྲིལ་པོའི་རིམས་འགོག་དངོས་ཟོག་གི“སྲོག་ཐིག”གཏོད་པར་རམ་འདེགས་བྱས་པ།

⇐ X8098རྟགས་ཅན་གྱི་ཀྲུང་གོ་དང་ཡོ་རོབ་ཀྱི(ཞ་མོན)དུས་གཏན་མེ་འཁོར་ནི་2021ལོར་ཧའེ་ཚང་བབས་ཚུགས་ནས་གཏོང་འགོ་ཚུགས་པའི་རིམས་འགོག་དངོས་ཟོག་བླུགས་པའི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གཏོང་ཐེངས་གསུམ་པ་དེ་རེད། དོས་སྒམ་ནང་ཉིན་མཁོའི་དངོས་ཟོག་དང་། གློག་རྡུལ་ཐོན་རྫས། ནད་འབུ་གསོད་པའི་སྨུག་ཕྱིའི་འོད་ཟེར་གྱི་གློག གཙང་སེལ་ཡོ་བྱད་སོགས་རིམས་འགོག་དངོས་ཟོག་བྱུར་བུར་བླུགས་ཡོད།

འདི་ནི་ཞ་མོན་ཧའེ་ཚང་མེ་འཁོར་བབས་ཚུགས་སུ་རིམས་འགོག་དངོས་ཟོག་བླུགས་པའི་X8098རྟགས་ཅན་གྱི་ཀྲུང་གོ་དང་ཡོ་རོབ་ཀྱི(ཞ་མོན)དུས་གཏན་མེ་འཁོར་གྱི་དོས་སྒམ་དཔྱང་འདེགས་ལྷུ་སྒྲིག་བྱེད་བཞིན་པ།