《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月09日

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས།

རྒྱལ་ཁབ་ཁག་གིས་ཏོག་གསར་རིམས་འགོག་སྨན་ཁབ་མཉམ་སྤྱོད་དང་འབྲེལ་ཐོན་སྐྱེད་བྱེད་རྒྱ་ཆེ་རུ་གཏོང་རྒྱུའི་འབོད་སྐུལ་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་ཟླ་2ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་ཁག་གིས་གཙོ་གནད་མི་ཚོགས་ལ་རིམས་འགོག་སྨན་ཁབ་བརྒྱབ་རྗེས་ཏོག་གསར་རིམས་འགོག་སྨན་ཁབ་མཉམ་སྤྱོད་བྱ་རྒྱུ་དང་ཆབས་ཅིག ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་བཟོ་མཁན་གྱིས་ཐོན་སྐྱེད་བྱེད་རྒྱ་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་ཡང་བྱས་པ་རེད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཐན་ཏི་སའེ་ཡིས་ཚེས་5ཉིན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་ཏོག་གསར་རིམས་འགོག་སྨན་ཁབ་ཆ་བགོས་སྙོམས་པོ་མ་བྱུང་བ་ལས་ཤུགས་རྐྱེན་ངན་པ་ཚབས་ཆེན་ཐེབས་རྒྱུ་རེད། གོ་ལ་ཧྲིལ་པོར་རིམས་འགོག་སྨན་ཁབ་རྒྱག་ཚད་མིག་སྔར་ཏོག་གསར་གློ་ཚད་འགོས་པའི་མི་གྲངས་ལས་བརྒལ་མོད། འོན་ཏེ་རིམས་འགོག་སྨན་ཁབ་བཞི་ཆ་གསུམ་རྒྱག་ཡུལ་དེ་གོ་ལ་ཧྲིལ་པོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་60%ཙམ་ཟིན་པའི་རྒྱལ་ཁབ་10ཡིན་པ་ལས། མི་འབོར་དུང་ཕྱུར་25ཙམ་ཟིན་པའི་རྒྱལ་ཁབ་130རུ་ཐ་ན་ཏོག་གསར་རིམས་འགོག་སྨན་ཁབ་གཅིག་ཀྱང་རྒྱག་མྱོང་མེད་ཅེས་བརྗོད་པ་རེད།

ཐན་ཏི་སའེ་ཡིས་ཏོག་གསར་རིམས་འགོག་སྨན་ཁབ་བཟོ་མཁན་གྱིས་ཐོན་སྐྱེད་བྱེད་རྒྱ་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་བྱས་པ་དང་འབྲེལ་བཟོ་མཁན་ལ་གཞུང་གི་མ་དངུལ་འབོར་ཆེན་ཐོབ་པའི་རྗེས་དེའི་གྲངས་གཞི་དང་ལག་རྩལ་མཉམ་སྤྱོད་བྱས་ཏེ་གོ་ལ་ཧྲིལ་པོར་རིམས་འགོག་སྨན་ཁབ་དྲང་སྙོམས་ངང་ཐོབ་པ་བྱ་རྒྱུའི་འགན་ལེན་བྱེད་དགོས་པའི་ལྕག་སྐུལ་ཡང་བྱས་པ་རེད།