《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月08日

མཚོ་སྔོན་གྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་89.4%ཟིན་པ།

● 2020ལོར་མཚོ་སྔོན་གྱིས་མཐོ་སློབ་སློབ་ཐོན་སློབ་མར་དམིགས་སའི་རང་བཞིན་ལྡན་པའི་ལས་ཞུགས་རོགས་སྐྱོར་གྱི་སྲིད་ཇུས་དང་ལས་ཞུགས་ཞབས་ཞུའི་བྱེད་ཐབས་མང་དག་ཅིག་བཏོན་ཡོད།

● ལས་ཞུགས་ཐུབ་ཚད་89.4%ཟིན་པ་དེ་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལས་བརྒྱ་ཆའི་གྲངས་4.4ཡིས་མཐོ་བ་ཡོད།

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི“ཚོགས་འདུ་གཉིས”ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2020ལོར་མཚོ་སྔོན་གྱིས་མཐོ་སློབ་སློབ་ཐོན་སློབ་མར་དམིགས་སའི་རང་བཞིན་ལྡན་པའི་ལས་ཞུགས་རོགས་སྐྱོར་གྱི་སྲིད་ཇུས་དང་ལས་ཞུགས་ཞབས་ཞུའི་བྱེད་ཐབས་མང་དག་ཅིག་བཏོན་ནས། མཐོ་སློབ་སློབ་ཐོན་སློབ་མ་བདེ་བླག་ངང་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱས་པས་ལས་ཞུགས་ཐུབ་ཚད་89.4%ཟིན་པ་དེ་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལས་བརྒྱ་ཆའི་གྲངས་4.4ཡིས་མཐོ་བ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས་ཁེ་ལས་ཀྱིས་ལས་མི་བསྡུ་བ་དང་ལས་ཞུགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། གཞུང་ཁོངས་ཁེ་ལས་ཀྱིས་ལས་མི་བསྡུ་བའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་ཁེ་ལས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ལ་བསྡུ་བའི་སྤྱི་ཚོགས་འགན་སྲུང་གི་ཁ་གསབ་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་བྱས་པས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཤིང་། 2020ལོའི་ལོ་མཇུག་བར། ཞིང་ཆེན་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་ཁེ་ལས་ལ་སྤྱི་ཚོགས་ཀྱི་འགན་བཅོལ་འགྲོ་གྲོན་སྒོར་དུང་ཕྱུར་28.04ཆག་ཡང་དང་རྩ་ཆག་བཏང་བ་དང་། ལས་གནས་བརྟན་གཏོང་གི་ཕྱིར་སློག་མ་དངུལ་སྒོར་དུང་ཕྱུར་5.73སྤྲད་པས། མཐོ་སློབ་སློབ་ཐོན་སློབ་མ་བསྡུ་བའི་ཁེ་ལས་ཀྱི་ཧུར་བརྩོན་རང་བཞིན་ཆེ་རུ་ནུས་ལྡན་ཕྱིན་ཡོད།