《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月04日

ལོ་ལྔ་ཚན་བཅུ་གསུམ་པའི་རིང་བོད་ཀྱི་ཞིང་འབྲོག་པ་ ཁྲི་283.9ལས་ཞུགས་གཞན་སྒྱུར་ཐུབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་1ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱི་ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་ཁྲི་283.9ལས་ཞུགས་གཞན་སྒྱུར་ཐུབ་པ་དང་རིམ་རྩིས་བྱས་ན་ཞིང་འབྲོག་པ་ཁྲི་36.6གསོ་སྦྱོང་བྱས་པ་དང་། བོད་ཀྱི་ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཙམ་རྒྱུན་འཁྱོངས་ཐུབ་ནས་ཁྲོམ་རའི་ལས་ཞུགས་ཐུབ་ཚད་70%ཡན་ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་26.7གསར་དུ་ལས་ཞུགས་ཐུབ་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། 2020ལོར་བོད་ཀྱི་ལོ་འདིའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་99.01%ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་ཡོད། གསར་གཏོད་རང་བཞིན་གྱི་སྒོ་ནས་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་རྟེན་གཞི་652བསྐྲུན་པ་དང་། ཞིང་འབྲོག་པའི་ངལ་ནུས་ཕྱིར་གཏོང་རྩ་འཛུགས་7800ལྷག་ཙམ་འཕེལ་རྒྱས་བཏང་བས་ཞིང་འབྲོག་པ་ཁྲི་61ལས་ཞུགས་གཞན་སྒྱུར་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་47.1བྱུང་ཡོད།

གཞན་ཡང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་ཤེས་ལྡན་པར་བརྟེན་ནས་རང་སྐྱོང་ལྗོངས་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཤེས་ལྡན་པའི་མི་དོན་ལམ་ལུགས་ཀྱི་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ཡོད། བོད་ཀྱིས་ད་དུང་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་ཤུགས་ཆེན་བྱས་པ་དང་བོད་ལྗོངས་ལག་རྩལ་པའི་སློབ་གླིང་གིས་རིམ་རྩིས་བྱས་ན་དུས་ཐུང་གི་སློབ་མ་3000ལྷག་ཙམ་གསོ་སྦྱོང་བྱས་པ་དང་། སློབ་གྲྭའི་ལམ་ལུགས་ཀྱི་སློབ་གསོའི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་1100ཟིན་ཡོད་པ་རེད།

(བསྟན་འཛིན་བཟང་མོས་བསྒྱུར། བསོད་བདེ་གཞོན་པས་ཞུས)