《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月04日

ཀོང་ཤིས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ ཁུལ་དང་དཔེ་སྟོན་ཚན་པ་1639བཏོད་པ།

འདི་ག་ཚགས་པར་ཁང་དུ་ནན་ཉིང་ནས་ཟླ་2ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པས་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀོང་ཤིས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་གཏོད་རྒྱུ་གཙོ་རྐང་དུ་བྱས་ནས། ལམ་ལུགས་འགན་ལེན་དང་། འཕེལ་རྒྱས། སྲ་བརྟན་བཅས་དམ་འཛིན་བྱ་གཞིར་བྱས་པ་བརྒྱུད་རྒྱུན་རྣམ་ཅན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། 2020ལོའི་ལོ་མཇུག་བར། ཀོང་ཤིས་སུ་རྒྱལ་ཡོངས་དང་། རང་སྐྱོང་ལྗོངས། ཆུས་དང་གྲོང་ཁྱེར་བཙུགས་ཡོད་པའི་ཆུས་དང་གྲོང་ཁྱེར་གྱི་མིང་བཏགས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་དང་དཔེ་སྟོན་ཚན་པ་1639ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། ཀོང་ཤིས་ཀྱིས་ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པ་དང་། གྲོང་གསེབ་སྡེ་ཁུལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་སོགས་བྱེད་སྒོ་སྤེལ་ཡུལ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། (པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས། ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་བཅས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་ཕྱོགས་ཡོངས་ནས་སྤེལ་བ། སློབ་གྲྭར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་སློབ་ཚན་གཉེར་ནས་བྱེད་ཐབས་སྣ་ཚོགས་བརྒྱུད་སྤྱི་ཚོགས་ཡོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་དཔེ་སྟོན་རྒྱ་ཁྱབ་ངང་དྲིལ་བསྒྲགས་དང་། མཐའ་མཚམས་ས་ཁུལ་གྱི“རྒྱལ་དར་འདུ་འགོད”ལག་བསྟར། རྒྱལ་དར་གྱི་འདུ་འགོད་ས་ཚིགས(ཁྲོམ་གཞུང)1513འཛུགས་པ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསུང་སྒྲ་ཡག་པོ་བསྒྲགས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀོང་ཤིས་ཀྱིས་སྨན་བཅོས་འཕྲོད་བསྟེན་དང་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་གསོར་ཤུགས་སྣོན་རྒྱག་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་སྲུང་སྐྱོང་དང་གསར་གཏོད་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་སྤེལ་ནས། མཐའ་མཚམས་ཀྱི་རྫོང་8ཚང་མར་རྫོང་གྲོང་གནས་ཡུལ་དུ་རིམ་པ་གཉིས་པ་ཡན་གྱི་གཞུང་ལམ་ཤར་གཏོང་ཐུབ་པ་དང་། ཤང་ཚང་མར་སྣུམ་ནག(ཨར་འདམ)ལམ་ཤར་གཏོང་ཐུབ་པ། གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ། མཐའ་མཚམས་སྲིད་འཛིན་གྲོང་ཚོར་དྲ་ཆེན་ཤར་གཏོང་ཐུབ་ཚད་100%ཟིན་ཡོད།