《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月04日

རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ནན་པོ་བྱས་ཏེ་དཔྱིད་གསར་སྐྱེལ་འདྲེན་གྱི་བཟའ་བཅའི་བདེ་འཇགས་འགན་ལེན་བྱེད་པ།

དཔྱིད་གསར་སྐྱེལ་འདྲེན་རིང་ཁྲེང་ཏུའུ་དབྱིན་ཤང་སི་ཁྲོན་གྱི་བྲོ་ལྡན་བཟའ་འཐུང་ཚད་ཡོད་ཀུང་སིས་ཁྲེང་ཏུའུ་དང་། ཁྲུང་ཆིང་། ཀུའེ་དབྱང་བཅས་ས་གནས་གསུམ་གྱི་ཤུགས་འགྲེམས་མེ་འཁོར་180ལྷག་ཙམ་ལ་ཉིན་ལྟར་སྟབས་བདེའི་ཁ་ལག་ཁྲི་གཅིག་ཙམ་སྐྱེལ་བའི་འགན་འཁུར་གྱི་ཡོད། ཀུང་སི་དེས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་ཀའི་བླང་བྱ་གཞིར་བཟུང་། མ་བཅོས་རྒྱུ་ཆ་ཡོང་ཁུངས་དང་། སྐྱེལ་འདྲེན། ཞིབ་བཤེར་རྩིས་ལེན། ལས་སྣོན་སོགས་ཀྱི་བརྒྱུད་རིམ་ལ་ཚོད་འཛིན་ནན་པོ་བྱས་ཏེ་འཕྲོད་བསྟེན་བདེ་འཇགས་བྱེད་ཐབས་རབ་དང་རིམ་པ་བརྒྱུད་འགྲུལ་པར་བདེ་འཇགས་ཀྱི་ཁ་ལག་མཁོ་འདོན་བྱེད་ཅིང་། འདི་ནི་ཟླ་2ཚེས་2ཉིན་ཁྲེང་ཏུའུ་དབྱིན་ཤང་སི་ཁྲོན་གྱི་བྲོ་ལྡན་བཟའ་འཐུང་ཚད་ཡོད་ཀུང་སིའི་གྲང་ཕྲེང་ཐོན་རྫས་གྲུབ་མའི་མཛོད་དུ་ལས་དོན་པས་གྲང་ཕྲེང་སྟབས་བདེའི་ཁ་ལག་གི་ཐུམ་སྒྲིལ་ནས་ཉིང་སྐྱུར་བརྟག་དཔྱད་ཀྱི་ཁོར་ཡུག་མ་དཔེ་ལེན་བཞིན་པ།