《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月04日

ན་ནིང་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་དྲ་སྦྲེལ་ ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ ལས་13.2%འཕར་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པར་བཟོ་འཕྲིན་པུའུ་ནས་ཤེས་རྟོགས་བྱུང་བར། 2020ལོར་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་དྲ་སྦྲེལ་དང་འབྲེལ་ཡོད་ཞབས་ཞུའི་ཁེ་ལས་ཀྱིས་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་12838བཏོད་པ་དེ་དུས་མཚུངས་ལས་12.5%འཕར་བ་དང་། ཟླ་འཁོར་དུ་ཟླ་དང་པོ་ནས་ཟླ་བཞི་པའི་བར་དལ་བུར་འཕར་བ་དང་། ཟླ་ལྔ་པ་ནས་བདུན་པའི་བར་འཕར་ཚད་མགྱོགས་ཤོས་སུ་སླེབས་པ། དེ་ནས་ཟླ་རེ་བཞིན་མྱུར་ཚད་དལ་དུ་ཕྱིན་པ་བཅས་ཀྱི་རྣམ་པ་མངོན་ཡོད། ཁེ་སྤོགས་ཀྱི་ཆུ་ཚད་ནས་བལྟས་ཚེ། 2020ལོར་གཞི་ཁྱོན་ཡན་གྱི་དྲ་སྦྲེལ་ཁེ་ལས་ལ་གཉེར་སྐྱོང་ཁེ་སྤོགས་སྒོར་དུང་ཕྱུར་1187བྱུང་བ་དེ་དུས་མཚུངས་ལས་13.2%འཕར་ཡོད། མ་གནས་ཚོད་འཛིན་ཡག་པོ་ཐོབ་པས་གཉེར་སྐྱོང་མ་གནས་ཁོ་ན་2.4%འཕར་བ་དང་། ལས་རིགས་གཉེར་སྐྱོང་གི་ཁེ་སྤོགས་དུས་མཚུངས་ཀྱི་ཡོང་འབབ་ལས་བརྒྱ་ཆའི་གྲངས་0.7གྱིས་མཐོ་བ་ཡོད།

ལས་སྒོ་དབྱེ་ནས་བལྟས་ཚེ། ཆ་འཕྲིན་ཞབས་ཞུའི་ཡོང་འབབ་འཕར་ཚད་བརྟན་པོའི་ངང་ཆག་ཅིང་། 2020ལོར་དྲ་སྦྲེལ་ཁེ་ལས་ཀྱིས་ཆ་འཕྲིན་ཞབས་ཞུའི་ཡོང་འབབ་སྒོར་དུང་ཕྱུར་7068བཏོད་པ་དེ་དུས་མཚུངས་ལས་11.5%འཕར་བ་དང་། འཕར་ཚད་ལོ་གོང་མའི་དུས་མཚུངས་ཀྱི་བརྒྱ་ཆའི་གྲངས་11.2ལས་དམའ་བ་ཡོད། དྲ་སྦྲེལ་ལས་སྟེགས་ཀྱི་ཞབས་ཞུའི་ཡོང་འབབ་འཕར་ཚད་བརྟན་པོ་ཡོད་པ་དང་དེའི་ཁྲོད་ཀྱི་དྲ་ཐོག་སློབ་གསོ་དང་དེ་བཞིན་ཐོན་སྐྱེད་ཞབས་ཞུའི་རིགས་ཀྱི་ལས་སྟེགས་འཕར་ཚད་ཅུང་མགྱོགས་པོ་ཡོད། 2020ལོར་དྲ་སྦྲེལ་ལས་སྟེགས་ཀྱི་ཞབས་ཞུའི་ཁེ་ལས་ལ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་4289བྱུང་བ་དེ་དུས་མཚུངས་ལས་14.8%འཕར་ཡོད། དེའི་ཁྲོད་དྲ་ཐོག་སློབ་གསོའི་ཞབས་ཞུ་གཙོ་བོར་བྱེད་པའི་ཁེ་ལས་ཀྱི་འཕར་ཚད་མགྱོགས་སུ་ཕྱིན་ནས་ལས་སྒོའི་ཡོང་འབབ་ཀྱི་འཕར་ཚད་མགྱོགས་སུ་ཕྱིན་པ་དང་། དྲ་རྒྱའི་ཕྱིར་ཚོང་ལས་སྟེགས་ཁེ་ལས་ཀྱི་ལས་སྒོའི་ཡོང་འབབ་འཕར་ཚད་བརྟན་པོ་ཡོད་པ་དང་། ཐད་གཏོང་ཟོག་འཚོང་དང་སྤྱི་ཚོགས་འབྲེལ་གཏུག་གི་སྡེབ་ཉོ་སོགས་དྲ་ཐོག་ཕྱིར་ཚོང་བྱ་ཐབས་རྒྱུན་མཐུད་འཁྲུག་ཏུ་ཕྱིན་ཡོད། ཐོན་སྐྱེད་བཟོ་སྐྲུན་མཁོ་འདོན་དང་ཐོན་སྐྱེད་ཟོག་འགྲེམས་ལས་སྟེགས་ཀྱི་ཞབས་ཞུ་གཙོ་བོར་བྱེད་པའི་ཁེ་ལས་ཀྱི་ཡོང་འབབ་རྒྱུན་མཐུད་མགྱོགས་པོ་འཕར་ཡོད།