《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月04日

ཀྲུང་གུང་ཀྲུང་དབྱང་སྒྲིག་ཨུད་ལས་ཁུངས་དང་། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་བཅས་ཀྱིས།

མཉམ་དུ《སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་བཏང་ནས་སྐབས་བརྗེའི་སྤྱོད་ཚུལ་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་2ཉིན་གློག་འཕྲིན་འབྱོར་གསལ། 2021ལོ་ནས་བཟུང་ས་གནས་རིམ་པ་ཁག་གི་འགོ་ཁྲིད་ཚན་ཁག་བསྟུད་མར་སྐབས་བརྗེ་རྒྱུ་རེད། སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། སྐབས་བརྗེའི་ལས་དོན་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱས་ནས་སྤྱོད་བཟང་གཞུང་དྲང་གི་སྐབས་བརྗེའི་ཁོར་ཡུག་ཅིག་གཏོད་ཆེད། 2021ལོའི་ཟླ་དང་པོར་ཀྲུང་གུང་ཀྲུང་དབྱང་སྒྲིག་ཨུད་ལས་ཁུངས་དང་། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་བཅས་ཀྱིས་མཉམ་དུ《སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་བཏང་ནས་སྐབས་བརྗེའི་སྤྱོད་ཚུལ་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་སྟེ། ས་གནས་ཁག་ལ་སྐབས་བརྗེའི་ལས་དོན་སྤེལ་རིང་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

《བརྡ་ཐོའི》ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མི་འདེམས་མི་སྤྱོད་ཀྱི་སྟོན་ཕྱོགས་ཡང་དག་འཛུགས་པ། མི་འདེམས་མི་སྤྱོད་ཀྱི་སྤྱོད་ཚུལ་ངན་པ་བཅོས་སྒྲིག་གཏིང་ཟབ་བྱེད་པ། སྐབས་བརྗེའི་ལས་དོན་ཡག་པོ་སྒྲུབ་པ་སོགས་ཀྱི་ཐད་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་སྟེ། སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་དང་མུ་མཐུད་སྤྱོད་བཟང་སྒྲིག་ནན་དང་རུལ་རྒོལ་བྱས་པས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སྒྲིག་ཁྲིམས་དང་སྒྲིག་ལམ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་དང་མི་འདེམས་མི་སྤྱོད་ཀྱི་གནས་ཚུལ་དང་སྤྱོད་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་སྐབས་བརྗེའི་སྤྱོད་ཚུལ་ནན་དུ་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད། དེ་དང་ཆབས་ཅིག་མི་འདེམས་མི་སྤྱོད་ཁྲོད་ཀྱི་རུལ་སུངས་ཀྱི་སྣང་ཚུལ་དང་ཚུལ་མིན་སྤྱོད་ཚུལ་བཀག་འགོག་བྱས་ཀྱང་ད་དུང་ཐོན་པ་དང་། ས་གནས་ཁག་ཅིག་གི་ཆབ་སྲིད་ཀྱི་ཁོར་ཡུག་ད་དུང་ཡང་ཡོངས་སུ་ལེགས་སྒྲིག་ཐུབ་མེད་པ། སྐབས་བརྗེའི་ལས་དོན་ལ་འགོག་རྐྱེན་བཟོ་བ་དང་གཏོར་བཤིག་གཏོང་བའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ད་དུང་ཡང་རྦད་དེ་མེད་པ་བཟོ་ཐུབ་མེད་པ། སྐབས་བརྗེའི་རིང་ནི་རྟག་ཏུ་གནད་དོན་ཐོན་སླ་ཤོས་ཀྱི་དུས་ཤིག་ཡིན་པ་བཅས་རིག་པ་དྭངས་གསལ་ངང་མཐོང་བར་བྱེད་དགོས་ལ་དེའི་ཐད་ངེས་པར་དུ་ཚད་མཐོའི་མཐོང་ཆེན་ཡང་བྱས་ནས་སྒྲིག་ཁྲིམས་ཀྱི་བླང་བྱ་དེ་བས་ནན་དུ་གཏོང་དགོས།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད)

《བརྡ་ཐོའི》ནང་གཏན་འབེབས་བྱས་དོན། སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་བཏང་སྟེ་སྐབས་བརྗེའི་ལས་དོན་གྱི་བསྒམ་ནན་རང་བཞིན་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས། གཅིག་ནས་ཤོག་ཁ་བསྒྲིགས་ཏེ་སྒེར་ཕན་སྒྲུབ་རྒྱུ་གཏན་འགོག་བྱེད་དགོས། ཤོག་ཁ་སྒྲིག་པ་དང་། གོང་འོག་ངན་འབྲེལ། ཚོགས་པ་དང་འཁོར་རྒྱ་ཆུང་ཆུང་འཛུགས་རིགས་དང་། མི་དབྱེ་བ་འབྱེད་པ་དང་། རང་གི་དགའ་ཉེ་ཁོ་ན་བསྐོ་གཞག རང་ལ་མི་དགའ་མཁན་ཕྱིར་འབུད་བྱེད་རིགས། སྒེར་གྱི་སྟོབས་ཤུགས་སྐྱེད་སྲིང་། ཁེ་ཕན་གྱི་ཚོགས་པ་སྒྲིག་རིགས་བཅས་ཚང་མར་ཏང་ཁྲིམས་དང་སྲིད་དོན་གྱི་ཆད་པ་གཅོད་རྒྱུ་དང་། གཉིས་ནས་འདེམས་ཤོག་བསླུ་ཉོ་གཏན་འགོག་བྱེད་དགོས། གསོལ་སྟོན་གཤོམ་པ་དང་། འཛད་སྤྱོད་ཀྱི་བྱེད་སྒོ་བཀོད་སྒྲིག་བྱེད་པ། མྱུར་སྐྱེལ་སྦྲག་བསྐུར། དྲ་ཐོག་ཤོག་ཆག དྲ་ཐོག་ནས་དངུལ་སྒྱུར་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ལག་རྟགས་དང་འབུལ་རྟེན་སྤྲོད་པ་དང་དེ་བཞིན་ཁ་པར་རྒྱག་པ་དང་། ཆ་འཕྲིན་སྐུར་བ། མདུན་སར་མཇལ་ཞུ། མི་གཞན་བརྒྱུད་ནས་མངགས་པ་སོགས་བྱེད་ཐབས་བརྒྱུད་དམངས་གཙོའི་འོས་སྦྱོར་དང་འདེམས་བསྐོར་འདེམས་ཤོག་བསླུ་ཉོ་དང་། འབྲེལ་གཏུག འདེམས་རོགས་སོགས་སྒྲིག་འཛུགས་མིན་པའི་བྱེད་སྒོ་སྤེལ་རིགས་ཚང་མའི་འོས་མིའི་མིང་ཐོ་བསུབ་རྒྱུའམ་ཡང་ན་གདམ་བྱའི་འོས་མིའི་ཐོབ་ཐང་མེད་པར་བཟོ་རྒྱུ་མ་ཟད། གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་ཏང་ཁྲིམས་དང་སྲིད་དོན་གྱི་ཆད་པ་གཅོད་རྒྱུ་དང་འདེམས་ཤོག་བསླུ་ཉོ་བྱེད་རིགས་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ། གསུམ་ནས་དཔོན་ཉོ་དཔོན་ཚོང་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། གོ་གནས་རག་ཐབས་དང་གོ་གནས་འཕར་ཐབས་བྱེད་པ་སོགས་དམིགས་ཡུལ་དུ་བྱས་ནས། མི་གཞན་ལ་ལྐོག་རྔན་སྤྲོད་རིགས་དང་གཞན་ལ་རོགས་པ་བྱས་ནས་གོ་གནས་རག་ཐབས་དང་གོ་གནས་འཕར་ཐབས་བྱ་ཆེད་ལྐོག་རྔན་ལེན་རིགས་ཚང་མའི་གོ་གནས་མཚམས་འཇོག་བྱེད་པའམ་ཡང་ན་གནས་དབྱུང་གཏོང་རྒྱུ་མ་ཟད། སྒྲིག་སྲོལ་དང་། སྒྲིག་ཁྲིམས། བཅའ་ཁྲིམས་གཞིར་བཟུང་ཐག་གཅོད་བྱ་རྒྱུ། བཞི་ནས་དཔོན་གནས་རྒྱུག་སློང་གཏན་འགོག་བྱེད་དགོས། ཉེ་འབྲེལ་བརྒྱུད་པའམ་ཡང་ན་བྱེད་ཐབས་གཞན་སྤྱད་དེ་གོ་གནས་རག་ཐབས་དང་གོ་གནས་འཕར་ཐབས་བྱེད་རིགས་ཚང་མའི་གོ་གནས་མི་སྤོར་བའམ་ཡང་ན་མུ་མཐུད་སྤྱོད་མི་ཆོག་པ་མ་ཟད། གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་སྐྱོན་བརྗོད་སློབ་གསོ་གཏོང་བ་དང་རྩ་འཛུགས་ཀྱི་ཆད་པ་གཅོད་པའམ་ཡང་ན་ཏང་ཁྲིམས་དང་སྲིད་དོན་གྱི་ཆད་པ་གཅོད་རྒྱུ། ལྔ་ནས་མི་སྒེར་གྱིས་ཤོད་པར་བརྩི་རྒྱུ་གཏན་འགོག་བྱེད་དགོས། མི་སྒེར་གྱི་གཏན་འབེབས་ཀྱིས་ཏང་རྩ་འཛུགས་དང་མཉམ་སྡེབ་ཞིབ་འཇུག་གི་གཏན་འབེབས་ཀྱི་ཚབ་བྱེད་རིགས་དང་བཀོད་པ་གཏོང་བ་དང་། གསང་བརྡ་གཏོང་བ། དམིགས་འཛུགས་བཅས་ཀྱི་སྒོ་ནས་འོས་མིའི་གོ་གནས་སྤོར་བ་དང་ལེགས་སྒྲིག་བྱེད་རིགས་ཚང་མའི་འབྲེལ་ཡོད་བཀོལ་སྤྱོད་ཀྱི་གཏན་འབེབས་མེད་པར་བཟོ་རྒྱུ་མ་ཟད། འབྲེལ་ཡོད་འགོ་ཁྲིད་དང་འབྲེལ་ཡོད་མི་སྣའི་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ། དྲུག་ནས་ངོ་ཆེན་ཞུ་བ་དང་བརྡ་གཏོང་བ་གཏན་འགོག་བྱེད་དགོས། མི་གཞན་གྱི་ཆེད་དུ་འོས་སྦྱོར་མིང་འདོན་དང་གོ་གནས་སྤོར་བ་དང་ལེགས་སྒྲིག་ཐད་འབྲེལ་བ་འཛུགས་རིགས་དང་། འོག་རིམ་མམ་ཡང་ན་གོ་གནས་འཁུར་ཡུལ་གྱི་ས་ཁུལ་དང་ཚན་པའི་ལས་བྱེད་པའི་འདེམས་བསྐོ་བསྐོ་སྤྱོད་ལ་སྒྲིག་འགལ་ངང་འགོག་རྐྱེན་བཟོ་རིགས་ཚང་མ་འགོ་ཁྲིད་ལས་བྱེད་པས་སྒྲིག་འགལ་ངང་དོན་དག་གལ་ཆེན་ལ་འགོག་རྐྱེན་བཟོ་བའི་གནས་ཚུལ་ལ་བརྩིས་ནས་གྱོད་དོན་ནང་ཐོ་བཀོད་བྱ་རྒྱུ་མ་ཟད། གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་སྐྱོན་བརྗོད་སློབ་གསོ་དང་རྩ་འཛུགས་ཀྱིས་ཐག་གཅོད་བྱེད་པའམ་ཡང་ན་ཏང་ཁྲིམས་དང་སྲིད་དོན་གྱི་ཆད་པ་གཅོད་རྒྱུ། བདུན་ནས་སྒྲིག་འགལ་ངང་མི་སྤྱོད་པ་གཏན་འགོག་བྱེད་དགོས། སྐབས་བརྗེའི་གོ་སྐབས་དང་བསྟུན་ནས་འཕྲལ་དུ་ལས་བྱེད་པ་གོ་གནས་སྤོར་བ་དང་ལེགས་སྒྲིག་བྱེད་པ་དང་། གྲངས་ཚད་ལས་བརྒལ་ནས་ལས་བྱེད་པ་བཀོད་སྒྲིག་བྱེད་པ། གཏན་འབེབས་ཀྱི་གོ་རིམ་ལས་འགལ་ནས་ལས་བྱེད་པ་འདེམས་བསྐོ་བསྐོ་གཞག་བྱེད་པ་བཅས་ཚང་མ་རྩིས་མེད་དུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱ་རྒྱུ་མ་ཟད། འབྲེལ་ཡོད་མི་སྣར་སྒྲིག་ཁྲིམས་དང་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ། བརྒྱད་ནས་གསང་དོན་ཕྱིར་གྱར་གཏན་འགོག་བྱེད་དགོས། སྐབས་བརྗེའི་མི་དོན་བཀོད་སྒྲིག་སོགས་གསང་བའི་ཆ་འཕྲིན་ཕྱིར་གྱར་བ་དང་ཁྱབ་བསྒྲགས་བྱེད་རིགས་ཚང་མར་འབྲེལ་ཡོད་མི་སྣའི་འགན་འཁྲི་བདའ་འདེད་གཏོང་རྒྱུ། དགུ་ནས་མི་བདེན་རྫུན་བཟོ་གཏན་འགོག་བྱེད་དགོས། ལས་བྱེད་པའི་མི་དོན་ཡིག་ཚགས་དཔྱད་གཞིར་བཟོ་བཅོས་རྒྱག་པ་དང་རྫུན་མ་བཟོ་རིགས་དང་། སྐབས་བརྗེའི་རྟོག་ཞིབ་ལས་དོན་ནང་གནས་ཚུལ་ངོ་མ་སྦ་གསང་ངམ་ཡང་ན་འཁྱོག་བཤད་བྱེད་རིགས་ཚང་མ་ཡོ་བསྲང་བྱེད་དགོས་པ་མ་ཟད། གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་འབྲེལ་ཡོད་མི་སྣར་རྩ་འཛུགས་ཀྱི་ཆད་པ་གཅོད་པའམ་ཡང་ན་ཏང་ཁྲིམས་དང་སྲིད་དོན་གྱི་ཆད་པ་གཅོད་རྒྱུ། བཅུ་ནས་སྐབས་བརྗེའི་ལས་དོན་ལ་འགོག་རྐྱེན་བཟོ་བ་གཏན་འགོག་བྱེད་དགོས། མངའ་ཁོངས་ཕྱི་ནང་གི་དགྲ་ཡའི་ཕྱོགས་གཏོགས་ཀྱིས་སྐབས་བརྗེའི་ལས་དོན་ལ་འགོག་རྐྱེན་དང་གཏོར་བཤིག་གཏོང་རིགས་ལ་འགོག་ཟོན་ནན་པོ་བྱེད་པ་དང་མཐའ་གཅིག་ཏུ་རྡུང་རྡེག་གཏོང་དགོས། ནག་གཤེད་ཀྱི་སྟོབས་ཤུགས་དང་། ཁྱིམ་རྒྱུད་ཀྱི་སྟོབས་ཤུགས། ཆོས་ལུགས་ཀྱི་སྟོབས་ཤུགས་བཅས་ཀྱིས་སྐབས་བརྗེའི་འདེམས་བསྐོར་ཤུགས་རྐྱེན་བཟོ་རིགས་དང་། སྒྲིག་འགལ་ངང་མངའ་ཁོངས་ཕྱིའི་སྒྲིག་གཞི་དང་། རྩ་འཛུགས། མི་སྒེར་བཅས་ཀྱིས་མཁོ་འདོན་བྱས་པའི་རོགས་དངུལ་ལམ་ཡང་ན་གསོ་སྦྱོང་དང་ལེན་བྱེད་རིགས། འཇིགས་སྐུལ་དང་། མགོ་སྐོར་གཏོང་བ། ནོར་གྱིས་བསླུ་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས་གཞན་གྱི་རང་དབང་གི་འདེམས་བསྐོའི་དབང་ཆ་སྤྱོད་པར་གནད་འཚེ་བཟོ་རིགས། དཀྲོག་གཏམ་བཟོས་ནས་དམའ་འབེབས་གཏོང་བ་དང་ཉེས་མེད་ཉེས་འགེལ་བྱེད་པའམ་ཡང་ན་གཞན་ལ་རྡུང་རྡེག་འཁོན་སློག་བྱེད་རིགས་བཅས་ཚང་མར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས་པ་མ་ཟད། ཁྲིམས་འགལ་གྱི་ཉེས་པ་གསོག་རིགས་ལ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་དགོས།

(པ་སངས་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)