《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月27日

མཚོ་སྔོན་གྱིས།

རྒུད་གསབ་ལས་སྤྲོད་ཀྱི་མ་དངུལ་སྒོར་ཁྲི་7050བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་བར་རམ་འདེགས་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་བརྩོན་ལེན་ཧུར་ཐག་འོག རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཞིང་ཆེན་ཡོངས་ཀྱི་2021ལོའི་ཀྲུང་དབྱང་ནོར་སྲིད་སྔོན་རྩིས་ནང་གི་རྒུད་གསབ་ལས་སྤྲོད་མ་དངུལ་སྒོར་ཁྲི་7050སྔ་སྣུར་དུ་གཤམ་སྤྲོད་བྱས་པ་དེ་དག་ཞིང་ཆེན་ཡོངས་ཀྱི་རྫོང(གྲོང་ཁྱེར)8ཀྱི་ཞིང་ནང་ཆུ་བེད་དང་། གྲོང་གསེབ་ཀྱི་འགྲོ་ལམ། རྒྱུག་ཁོངས་ཆུང་བའི་ཆུ་བོ་བཅོས་སྒྲིག་སོགས་ཀྱི་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྤྱད་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་རྒུད་གསབ་ལས་སྤྲོད་ཀྱི་མ་དངུལ་སྒོར་ཁྲི་7050སྟོང་སྐོར་རྫོང་དང་། གྲོ་ཚང་ཁུལ། བ་ཡན་རྫོང་། གསེར་ཆེན་རྫོང་། ཁྲི་ཀ་རྫོང་། འཇུ་ལག་རྫོང་། རེབ་གོང་རྫོང་། གཅན་ཚ་རྫོང་སོགས་རྫོང(གྲོང་ཁྱེར་དང་ཆུས)8ལ་སྤྲོད་རྒྱུ་དང་། སྔོན་དཔག་ལྟར་ན། ངལ་རྩོལ་ཐོབ་ཆ་སྒོར་ཁྲི་1060ལྷག་ཙམ་སྤྲོད་རྒྱུ་དང་། ཞིང་འབྲོག་ཁུལ་གྱི་ཡོང་འབབ་དམའ་བའི་ངལ་རྩོལ་མང་ཚོགས་500ལྷག་ཙམ་ལས་གྲྭ་འཛུགས་སྐྲུན་ལ་བསྡུ་རྒྱུ་ཡིན་པ་རེད། མིག་སྔར་ད་ཐེངས་རྒུད་གསབ་ལས་སྤྲོད་ཀྱི་འཆར་གཞི་ཚང་མ་འབྲེལ་ཡོད་རྫོང(གྲོང་ཁྱེར)ལ་བཀོད་སྒྲིག་བྱས་ཡོད་པ་རེད།

(པ་ཚེས་བསྒྱུར། པ་ཚེ་དང་བསྟན་བཟང་གིས་ཞུས)