《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月27日

སི་ཁྲོན་དཀར་མཛེས་ལི་ཐང་གིས་མེ་འགོག་མེ་གསོད་སྒྲིག་ཆས་གཞི་རིམ་ལ་སྤྲད་པ།

ཉེ་ཆར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལི་ཐང་རྫོང་གིས་ནགས་ཁུལ་གྱི་གཙོ་གནད་ཤང(གྲོང་རྡལ)10ལ་སྒོར་ཁྲི་586རི་བའི་མེ་འགོག་མེ་གསོད་སྒྲིག་ཆས་སྤྲད་དེ་གཞི་རིམ་གྱི་མེ་འགོག་མེ་གསོད་མི་སྐྱོབ་ཀྱི་ནུས་པ་ཆེ་རུ་བཏང་བ་རེད།

སི་ཁྲོན་ཞིང་ཆེན་གྱི་ནགས་ཚལ་རྩྭ་ཐང་མེ་ཟོན་གྱི་ཉེན་ཆེའི་རྫོང་དང་གྲོང་ཁྱེར་35ཡི་གྲས་ལི་ཐང་རྫོང་གི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་ཁྲི་1.42ཟིན་པས་སི་ཁྲོན་ཞིང་ཆེན་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་གཉིས་པ་དེ་ཡིན་ཞིང་། ས་རྒྱ་ཆེ་བ་དང་མི་འབོར་ཉུང་ཡང་ནགས་ཚལ་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པ་ལས། ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང་776530.02དང་རྩྭ་ཐང་གི་རྒྱ་ཁྱོན་སྤྱི་ཆིང་897100.67ཡོད་པ་དང་། ནགས་ཚལ་ཁྱབ་ཚད་54.3%ཟིན་ཡོད་པ་རེད།

འདི་ནི་2021ལོའི་ཟླ་1ཚེས་17ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལི་ཐང་རྫོང་གིས་ནགས་ཁུལ་གྱི་གཙོ་གནད་ཤང(གྲོང་རྡལ)10ལ་སྤྲད་པའི་སྦག་སྦག་ཡིན་པ།