《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月27日

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་རིགས་ཁག་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་ཁང་པ་ཁྲི་23བསྐྲུན་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1ཚེས་23ཉིན་གློག་འཕྲིན་འབྱོར་གསལ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་རིགས་ཁག་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་སྡོད་ཁང་ཁྲི་23བསྐྲུན་ནས་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དང་ལེ་ལག་ཚང་བའི་སྒྲིག་བཀོད་ཁྲི་13བསྐྲུན་པ་དང་། གྲོང་ཚོ་1836འཆར་འགོད་བྱས་པ། ཁྱིམ་སྤྱོད་གསང་སྤྱོད་ཁྲི་27སྒྱུར་བཀོད་བྱས་པ་བཅས་རེད།

གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་ནས་ཤེས་རྟོགས་བྱུང་བར། སྡོད་མལ་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་ཆེད་ཉེ་བའི་ལོ་ཤས་རིང་བོད་ཀྱིས་སྔ་རྗེས་སུ་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་དང་། མང་ཚོགས་ཀྱི་ཁང་པ་དང་ཉེན་ཁང་སྒྱུར་བཀོད། ཡོམ་འགོག་བརྟན་གཏོང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་བཅོས། དབུལ་སྐྱོར་གནས་སྤོ། འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དང་འགན་ལེན་ཁང་པ་འཛུགས་སྐྲུན་སོགས་ཀྱི་བྱེད་ཐབས་སྤྱད་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ཡོངས་ཁྱབ་ངང་བདེ་འཇགས་དང་སྤྱོད་གོ་ཆོད་པའི་ཁང་པར་བསྡད་ནས་བདེ་སྐྱིད་སྟོན་གྲངས་མཐོ་རུ་ཤུགས་ཆེན་ཕྱིན་པ་རེད།

2021ལོར་བོད་ཀྱིས་ད་དུང་ས་མཐོའི་སྐྱེ་ཁམས་དྲོད་ཁང་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དྲོད་རླངས་མཁོ་འདོན་ལས་གྲྭ་ལག་བསྟར་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་ཆུང་གྲས་36དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་5432སྒྱུར་བཀོད་བྱ་རྒྱུ་རེད། དུས་མཚུངས་ཡུན་རིང་གི་བོགས་གཏོང་ལམ་སྲོལ་འཚོལ་ཞིབ་བྱས་ཏེ་བཙུགས་པ་དང་། རིགས་ཁག་གི་ལས་ཤག་ཁྲི་1དང་འགན་ལེན་རང་བཞིན་གྱི་སྡོད་ཁང་2406བསྐྲུན་ནས་སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་དང་། དགེ་རྒན་ལས་བཟོ་བ། གཞོན་ནུ་ལས་བཟོ་བ་སོགས་ཚོཌ་སྤྱིའི་སྡོད་ཁང་གི་ཆ་རྐྱེན་ལེཌ་སུ་གཏོང་རྒྱུ་རེད།

(དབང་སྒྲོལ་སྐྱིད་ཀྱིས་བསྒྱུར། བསོད་བདེས་ཞུས)