《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月27日

པར་རིས་གསར་འགྱུར།

ཉིན་ཤས་གོང་དྲག་ཆས་ཉེན་རྟོག་ཀན་ལྷོ་ཉིང་ལག་རུ་ཁག་གིས་བཅའ་སྡོད་བྱ་ཡུལ་གྱི་ས་ཁམས་ཆགས་ཚུལ་རྙོག་འཛིང་ཆེ་བ་དང་གྲོག་རོང་མང་བའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཁར། དམིགས་བསལ་དམག་འཐབ་ཡན་ལག་རུ་ཁག་སྒྲིག་འཛུགས་བྱས་ཏེ། རི་ཁུལ་གཏུམ་རྒོལ་རྒྱབ་ལྗོངས་སུ་བྱས་པའི་ཕྱོགས་བསྡུས་སྦྱོང་བརྡར་བྱས་ཤིང་། དཀའ་ཚེགས་དང་། གཟབ་ནན། དངོས་འཐབ་བཅས་ཀྱི་དགོས་མཁོ་གཞིར་བཟུང་འཐབ་འཛིང་ཆ་རྐྱེན་བཀོད་སྒྲིག་བྱས་ཏེ། དམག་མི་ཁེར་རྐྱང་དང་ཚོགས་ཆུང་ཚན་པར་བྱས་པའི་འགྲན་རྒོལ་སྦྱོང་བརྡར་འབུར་དུ་ཐོན་པར་བྱས་ནས་དམིགས་བསལ་དམག་འཐབ་རུ་མིའི་ལུས་པོའི་ནུས་ཚད་མཐོ་ཤོས་དང་། རྩལ་ནུས་འཇོན་ཐང་། སེམས་ཁམས་བྱང་ཚད་བཅས་ལ་ཚོད་བགམ་བྱས་པ་མ་ཟད། ད་དུང་དམིགས་བསལ་འཐབ་འཛིང་བས་ཚོགས་ཆུང་གི་འཐབ་རྩལ་སྦྱོང་བརྡར་ཡང་བྱས་པ་རེད།