《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月27日

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་མཚོ་སྔོན་གྱི་གྲོང་མི་ཁྲི་170ལྷག་ཙམ་གྱི་སྡོད་ཁང་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། མཚོ་སྔོན་ཞིང་ཆེན་གྱིས་སྡོད་ཁང་འགན་ལེན་དང་མཁོ་སྤྲོད་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་མྱུར་བཏང་སྟེ“སྡོད་སའི་ཁང་པ་ཡོད་ལ་སྡོད་མལ་དང་འཚམ་པའི”སྤྱིའི་དམིགས་ཚད་ལ་གཞིགས་ཏེ། བྱེད་པོ་མང་པོའི་མཁོ་སྤྲོད་དང་། བྱེད་ཐབས་མང་པོའི་འགན་ལེན། བོགས་གཏོང་དང་ཉོ་སྒྲུབ་མཉམ་སྤྱོད་བཅས་ཀྱི་སྡོད་ཁང་ལམ་ལུགས་ཕྱོགས་ཡོངས་ནས་མགྱོགས་པོ་བཙུགས་པ་དང་། སྡོད་ཁང་ཁྲོམ་རའི་མ་ལག་དང་སྡོད་ཁང་འགན་ལེན་གྱི་མ་ལག་ཟམ་མི་ཆད་པར་འཐུས་ཚང་དང་གྲོང་མིའི་སྡོད་ཁང་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་བཏང་སྟེ“སྡོད་ཁང་ལ་སེམས་ཁྲལ་བྱེད་པ”ནས“སྡོད་ཁང་ཡག་པོའི”བར་འགྱུར་ལྡོག་བྱུང་ཞིང་། རིམ་རྩིས་བྱས་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་དང་ཁུལ་ཆུང་རྙིང་པའི་སྒྱུར་བཀོད་རྣམ་གྲངས་ཁྲི་28.93ལག་བསྟར་བྱས་པས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྡོད་ཁང་ཁྲི་170ལྷག་ཙམ་གྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།

ལོ་ལྔའི་རིང་། ཞིང་ཆེན་ཡོངས་ཀྱིས་འགན་ལེན་རང་བཞིན་གྱི་བདེ་སྡོད་ཁང་པའི་ལས་གྲྭའི་རྣམ་གྲངས་མགྱོགས་པོ་བསྐྲུན་པ་དང་སྤྱི་པའི་བོགས་གཏོང་ཁང་པར་སྡོད་ཆོག་པ་དང་། བགོ་བཤའ་རྒྱག་པ། གཉེར་སྐྱོང་བཅས་ཀྱི་དོ་དམ་ཚད་ལྡན་དུ་བཏང་སྟེ་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་ལ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྡོད་ཁང་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་དང་། སྤྱི་པའི་བོགས་གཏོང་ཁང་པ་ཁྲི་4.82གསར་དུ་བགོ་བཤའ་བརྒྱབ་པ། དུད་ཚང་ཁྲི་6.64ལ་སྡོད་ཁང་བོགས་གཏོང་གི་ཁ་གསབ་དངུལ་སྤྲད་པ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་ལ་སྡོད་ཁང་ལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་འགན་ལེན་བྱེད་དགོས་རིགས་ཚང་མར་འགན་ལེན་དང་། ཁོར་ཡུག་འཕྲོད་བསྟེན་དང་སྤྱི་སྤྱོད་རླངས་འཁོར་སོགས་སྤྱི་པའི་ཞབས་ཞུའི་ལས་རིགས་དང་། དེ་བཞིན་གསར་དུ་ལས་ཞུགས་ཐུབ་པའི་ལས་བཟོ། ཕྱི་ནས་ལས་ཀར་སླེབས་པའི་ལས་མི་སོགས་གྲོང་མི་གསར་པའི་ཚོགས་སྤྱིའི་དུས་མཚམས་རང་བཞིན་གྱི་སྡོད་ཁང་ལ་དཀའ་ངལ་ཡོད་མཁན་ལ་འགན་ལེན་ནུས་ལྡན་བྱས་པས། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་སྡོད་ཁང་གི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།

དེ་དང་ཆབས་ཅིག་ཁྲོམ་ར་ཅན་གྱི་སྒྱུར་བཅོས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་ཁྲོམ་རའི་གསོན་ཤུགས་འདོན་སྤེལ་གང་ལེགས་དང་། ཐབས་བརྒྱ་ཇུས་སྟོང་ངང་སྡོད་ཁང་མཁོ་སྤྲོད་མང་དུ་གཏོང་བ། རིམ་པ་མང་བའི་སྡོད་ཁང་གི་དགོས་མཁོ་སྐོང་བ་བཅས་བྱས་པས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་ཀྱི་སྡོད་ཁང་འཛུགས་སྐྲུན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་39.4ཟིན་པ་དང་། དུད་ཚང་རེར་ཆ་སྙོམས་སྡོད་ཁང་1.2ཡོད་པ། སྡོད་ཁང་ཁུལ་ཆུང་གི་སྡེ་ལས་ཞབས་འདེགས་ཁེབས་ཚད་70%ལྷག་ཙམ་ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྡོད་ཁང་གི་སྤུས་ཚད་དང་སྡོད་སའི་ཁོར་ཡུག་ཡག་ཏུ་ཤུགས་ཆེན་ཕྱིན་ནས། སྲིད་གཞུང་གིས་གཙོ་བོར་བྱས་ཏེ་གཞི་རྩའི་འགན་ལེན་མཁོ་འདོན་དང་ཁྲོམ་རས་གཙོ་བོར་བྱས་ཏེ་རིམ་པ་མང་བའི་དགོས་མཁོ་སྐོང་བའི་སྡོད་ཁང་གི་མཁོ་སྤྲོད་མ་ལག་ཅིག་སྤྱིར་ན་ཆགས་ཡོད་པ་རེད།

(པད་ཆོས་ཀྱིས་བསྒྱུར། པ་སངས་ཚེ་རིང་དང་པད་ཆོས་ཀྱིས་ཞུས)