《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月27日

རྒྱལ་ཁབ་མང་པོ་ཞིག་གིས་ཀྲུང་གོས་ཞིབ་བཟོ་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ལ་དགའ་པོ་བྱེད་པ།

ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་གོ་ལ་ཧྲིལ་པོས་རིམས་འགོག་སྨན་ཁབ་ལ་རེ་སྒུག་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཕྱོགས་ཁག་གིས་ལག་གདང་སྦྲེལ་ནས་སྐུལ་འདེད་བཏང་བའི་འོག་ཀྲུང་གོས་ཏོག་གསར་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་གྱི་ལས་དོན་མགྱོགས་མྱུར་སྤེལ་ཡོད། མིག་སྔར། ཀྲུང་གོས་ཞིབ་བཟོ་བྱས་པའི་རིམས་འགོག་སྨན་ཁབ་ཀྱི་བདེ་འཇགས་རང་བཞིན་དང་ཕན་ནུས་རང་བཞིན་སོགས་ཀྱི་ཐད་དངོས་འབྲེལ་མཚོན་ཚུལ་ཡག་པོ་ཡོད་པས། རྒྱལ་ཁབ་དང་ས་ཁུལ་མང་པོས་ཀྲུང་གོས་ཞིབ་བཟོ་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཐོ་འགོད་བྱས་ནས་ཁྲོམ་རར་འདོན་པའམ་ཡང་ན་ཛ་དྲག་ངང་སྤྱོད་རྒྱུའི་ཆོག་མཆན་སྤྲད་པ་དང་། རྒྱལ་ཁབ་དང་ས་ཁུལ་འགའ་ཞིག་གིས་ཀྲུང་གོ་ཕྱོགས་དང་རིམས་འགོག་སྨན་ཁབ་ཉོ་སྒྲུབ་ཀྱི་གྲོས་མཐུན་བཞག་ཡོད།

ཚེས་13ཉིན། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོའོ་ཡིས་རྒྱལ་ས་ཅ་ཁར་ཐའི་ཙུང་ཐུང་ལས་ཤག་ཏུ་ཀྲུང་གོ་ཁོའོ་ཤིང་ཀུང་སིས་ཞིབ་བཟོ་བྱས་པའི་ཁེར་ལའེ་ཧྥུའུ་ཏོག་གསར་རིམས་འགོག་སྨན་ཁབ་བཟེད་པ་མ་ཟད། བརྙན་འཕྲིན་ཐད་གཏོང་བརྒྱུད་རང་ཉིད་ལ་རིམས་འགོག་སྨན་ཁབ་རྒྱག་པའི་བརྒྱུད་རིམ་སྟོན་པ་རེད། ཟླ་འདིའི་ཚེས་11ཉིན། ཧིན་རྡུ་ཉི་ཞི་ཡའི་སྨན་རྫས་དང་བཟའ་བཅའ་ལྟ་འདོམས་ཅུས་ཀྱིས་ཁེར་ལའེ་ཧྥུའུ་ཏོག་གསར་རིམས་འགོག་སྨན་ཁབ་ཧིན་རྡུ་ཉི་ཞི་ཡའི་དབན་ལུང་གྲོང་ཁྱེར་དུ་དུས་ཐེངས་གསུམ་པའི་ནད་ཐོག་ཚོད་ལྟ་ལེགས་གྲུབ་བྱས་པ་དང་། དེའི་ཕན་ནུས་རང་བཞིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གཏན་འབེབས་བྱས་པའི་ཚད་གཞི་ལས་50%ཡིས་མཐོ་བ་ཡོད་པས། རིམས་འགོག་སྨན་ཁབ་དེ་ཛ་དྲག་ངང་སྤྱོད་ཆོག་པའི་ཁྱབ་བསྒྲགས་བྱས་པ་རེད།

ཚེས་13ཉིན། ཐུར་ཁེའི་འཕྲོད་བསྟེན་པུའི་པུའུ་ཀྲང་ཁོའོ་ཅ་ཡིས་ཀྲུང་གོ་ཁོའོ་ཤིང་ཀུང་སིས་ཞིབ་བཟོ་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་བཟེད་ཡོད་པ་རེད། ཁོའོ་ཅ་ཡིས་དེ་ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཀྲུང་གོས་ཞིབ་བཟོ་བྱས་པའི་རིམས་འགོག་སྨན་ཁབ་ལ་བདེ་འཇགས་ཆེན་པོ་ལྡན་ཡོད་པས་ཚེས་14ཉིན་ནས་བཟུང་ཐུར་ཁེའི་རྒྱལ་ཡོངས་ཀྱི་སྨན་དོན་མི་སྣར་ཀྲུང་གོས་ཞིབ་བཟོ་བྱས་པའི་རིམས་འགོག་སྨན་ཁབ་རྒྱག་རྒྱུ་ཡིན། ཐུར་ཁེའི་སྨན་རྫས་དང་སྨན་བཅོས་སྒྲིག་ཆས་ཅུས་ཀྱིས་དེ་ཉིན་ཁོའོ་ཤིང་ཀུང་སིས་ཞིབ་བཟོ་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཛ་དྲག་ངང་སྤྱོད་རྒྱུའི་ཆོག་མཆན་སྤྲད་པའི་ཁྱབ་བསྒྲགས་བྱས་ཡོད། དེ་ནི་ཐུར་ཁེས་ཛ་དྲག་ངང་སྤྱོད་རྒྱུའི་ཆོག་མཆན་སྤྲད་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཐོག་མ་དེ་ཡིན་ཞེས་བརྗོད།

ཚེས་13ཉིན། ཨར་ཅི་རི་ཡ་སྲིད་གཞུང་གི་མགྲིན་ཚབ་པ་ཨར་མར·པེར་ཞི་མོར་གྱིས་ཨར་ཅི་རི་ཡས་ཟླ་དང་པོའི་ཟླ་མཇུག་ཏུ་ཀྲུང་གོ་ནས་ཏོག་གསར་རིམ་འགོག་སྨན་ཁབ་ཁག་གཅིག་ནང་འདྲེན་བྱ་རྒྱུ་ཡིན་ཞེས་བརྗོད།

ཚེས་7ཉིན། པར་ཙིར་གྱི་འཕྲོད་བསྟེན་པུའི་པུའུ་ཀྲང་ཨའེ་ཏེ་ཧྭ་ཏུའོ·ཕ་ཙུའོ་ལུའོ་ཡིས། པར་ཙིར་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ཧྲེང་པའོ་ལུའོ་ཀྲོའུ་ཡི་པུའུ་ཏན་ཏན་ཞིབ་འཇུག་ཁང་དང་གྲོས་མཐུན་བཞག་ནས་ཀྲུང་གོ་ཁོའོ་ཤིང་ཀུང་སིས་ཞིབ་བཟོ་བྱས་པའི་ཁེར་ལའེ་ཧྥུའུ་ཏོག་གསར་རིམས་འགོག་སྨན་ཁབ་དུང་ཕྱུར་1ཉོ་སྒྲུབ་བྱ་རྩིས་ཡོད་པའི་ཁྱབ་བསྒྲགས་བྱས་པ་དང་། པར་ཙིར་གྱི་ཧྲེང་པའོ་ལུའོ་ཀྲོའུ་སྲིད་གཞུང་དང་པུའུ་ཏན་ཏན་ཞིབ་འཇུག་ཁང་གིས་2020ལོའི་ཟླ་12ཚེས་23ཉིན་ཁེར་ལའེ་ཧྥུའུ་ཏོག་གསར་རིམས་འགོག་སྨན་ཁབ་ལ་ནུས་པ་ཆེན་པོ་ལྡན་པ་ཁྱབ་བསྒྲགས་བྱས་ཡོད་པ་རེད།

ཚེས་6ཉིན། ཕེ་རུའི་ཙུང་ཐུང་ས་ཅཱ་སི་ཏིས་རྒྱལ་ཡོངས་སུ་བརྙན་འཕྲིན་གཏམ་བཤད་བྱེད་སྐབས། ཕེ་རུས་ཀྲུང་གོ་རྒྱལ་ཁབ་སྨན་རྫས་ཚོགས་པ་དང་ཚོགས་པ་དེས་ཐོན་སྐྱེད་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཉོ་སྒྲུབ་བྱ་རྒྱུའི་གྲོས་མཐུན་བཞག་པ་དང་། ཁག་དང་པོའི་རིམས་འགོག་སྨན་ཁབ་ཁྲི་100དེ་དག་ཟླ་དང་པོའི་ཟླ་མཇུག་ཏུ་ཕེ་རུར་འབྱོར་རྒྱུ་རེད་ཅེས་ཁྱབ་བསྒྲགས་བྱས་ཡོད། ཉིན་ཤས་གོང་ས་ཅཱ་སི་ཏིས་ས་གནས་དེ་གའི་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོ་རྒྱལ་ཁབ་སྨན་རྫས་ཚོགས་པས་ཞིབ་བཟོ་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ལ་བདེ་འཇགས་ལྡན་ཡོད་པས། དགོས་ངེས་སྐབས་ཁོང་གིས་ཀྲུང་གོས་ཞིབ་བཟོ་བྱས་པའི་རིམས་འགོག་སྨན་ཁབ་བཟེད་རྒྱུ་ཡིན་ཞེས་བརྗོད།

ཚེས་3ཉིན། ཐེ་ལན་འཕྲོད་བསྟེན་པུས་སྤྱི་བསྒྲགས་སྤེལ་ནས་ཐེ་ལན་སྲིད་གཞུང་གིས་ཀྲུང་གོ་ཁོའོ་ཤིང་ཀུང་སི་དང་ཏོག་གསར་རིམས་འགོག་སྨན་ཁབ་མངག་ཉོའི་གྲོས་མཐུན་བཞག་ནས་ཏོག་གསར་རིམས་འགོག་སྨན་ཁབ་ཁྲི་200ཉོ་སྒྲུབ་བྱས་ཡོད་ཅེས་བརྗོད།

པ་རེན་རྒྱལ་ཁབ་འཕྲོད་བསྟེན་ལྟ་འདོམས་ཅུས་ཀྱིས་2020ལོའི་ཟླ་12ཚེས་13ཉིན་ཁྱབ་བསྒྲགས་བྱས་དོན། ཀྲུང་གོ་རྒྱལ་ཁབ་སྨན་རྫས་ཚོགས་པས་ཞིབ་བཟོ་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་པ་རེན་དུ་ཐོ་འགོད་བྱས་ནས་ཁྲོམ་རར་འདོན་རྒྱུར་དངོས་སུ་ཆོག་མཆན་སྤྲད་ཡོད། རིམས་འགོག་སྨན་ཁབ་དེ་རྒྱལ་ཁབ་མང་པོ་ཞིག་ཏུ་ནད་ཐོག་ཚོད་ལྟ་བྱས་པའི་གྲངས་གཞི་དང་དེ་བཞིན་དབང་གྲགས་ལྡན་པའི་སྒྲིག་གཞི་མང་པོའི་ཞིབ་བཤེར་དང་དཔྱད་དཔོག་ལ་གཞིགས་ནས་སྤྱོད་རྒྱུ་གཏན་འཁེལ་བྱས་པ་ཞིག་རེད།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འཕྲོད་བསྟེན་དང་རིམས་འགོག་པུས་2020ལོའི་ཟླ་12ཚེས་9ཉིན་ཁྱབ་བསྒྲགས་བྱས་དོན། ཀྲུང་གོ་རྒྱལ་ཁབ་སྨན་རྫས་ཚོགས་པས་ཞིབ་བཟོ་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་དེ་དངོས་སུ་ཐོ་འགོད་བྱས་ཡོད། འཕྲོད་བསྟེན་དང་སྔོན་འགོག་པུས་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུས་ཐེངས་གསུམ་པའི་ནད་ཐོག་ཚོད་ལྟར་དབྱེ་ཞིབ་བྱས་པ་ལས་ཏོག་གསར་རིམས་འགོག་སྨན་ཁབ་དེས་ཏོག་གསར་གློ་ཚད་ལ་ཕན་ནུས་ལྡན་ཚད་86%ཟིན་འདུག་ཅེས་འཁོད་ཡོད།

(ཉི་དོན་གྱིས་བསྒྱུར། ཉི་དོན་དང་མཚམས་གཅོད་ཀྱིས་ཞུས)